༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་
སྲིད་སྐྱོང་མཆོག་གིས་སྐབས་དེར་༼ རྒྱ་གར་ནང་གི་བོད། ༽ ཅེས་འཕགས་བོད་གཉིས་ལོ་རྒྱུས་ཐོག་འབྲེལ་བའི་འཕེལ་རིམ་དང་། ལྷག་པར་ ༡༩༥༩ ལོར་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་བཙན་བྱོལ་ལ་སླེབས་རྗེས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་བཞིན་པའི་སྐོར་བགྲོ་གླེང་གི་ལམ་ནས་གསུངས། བགྲོ་གླེང་གནང་མཁན་སྐུ་
སྲིད་སྐྱོང་མཆོག་གིས་སྐབས་དེར་བོད་ཕྱི་ནང་གཉིས་ཀྱི་ད་ལྟའི་གནས་སྟངས་
སྤྱིར་དུས་སྟོན་ཐོག་གཏམ་བཤད་གནང་སྐབས་རྒྱ་གར་ཉམས་ཞིབ་པ་དང་། མཁས་དབང་། ཤེས་ཡོན་མི་སྣ། དེ་བཞིན་ས་གནས་བོད་མི་ཁག་གཅིག་བཅས་ཕེབས་ཡོད་པ་དང་།
སྐབས་དེར་ས་གནས་བོད་མི་དང་རྒྱ་གར་ཁམས་པ་སོགས་ཀྱིས་སྲིད་སྐྱོང་མཆོག་གནམ་ཐང་ནས་ཕེབས་སྐབས་ཁྲོམ་སའི་མདུན་ནས་ཕེབས་ལམ་དུ་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དུས་སྟོན་དབུ་འབྱེད་གཏམ་བཤད་སྒྲུ