ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༥ རེས་གཟའ་པ་སངས།
༄༅། །རྒྱ་གར་དབུས་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡ ཉིན་ནས་བཟུང་བོད་མིའི་སྐྱབས་བཅོལ་ལག་ཁྱེར་དུས་འགྱངས་ཀྱིས་གཙོས་ཕྱིར་བསྐྱོད་ཡིག་ཆ་ Return Visa / Exit Permit ཁག་དེ་སྔའི་དྲྭ་ཐོག་སྙན་ཞུ་འབུལ་ཕྱོགས་ལམ་ལུགས་ལ་ལེགས་བཅོས་ཀྱིས་ད་ཆ་དོ་བདག་འབྲེལ་ཡོད་ས་གནས་དེབ་སྐྱེལ་ལས་ཁུངས་ (FRO) སུ་ངོ་བཅར་མི་དགོས་པ་མ་ཟད། འབྲེལ་ཡོད་རྒྱ་གར་ས་གནས་བདེ་འཇགས་ལས་ཁུངས་ལའང་བཅར་དགོས་མེད།
ཞུ་སྙན་ཁག་དྲྭ་ཐོག་བཀང་འབུལ་ཟིན་མཚམས་འབྲེལ་ཡོད་རྒྱ་གར་ལས་ཁུངས་ནས་ཞིབ་འཇུག་གིས་དོ་བདག་གི་གློག་འཕྲིན་དང་ཁ་པར་གང་རུང་ཐོག་ཐད་ཀར་ཆོག་མཆན་གཏོང་རྒྱུ་ཡིན་པ་རེད།
དོ་དག་ནས་དྲྭ་ཚིགས་ indianfrro.gov.in/eservices/home.jsp འདི་བརྒྱུད་སོ་སོའི་དྲྭ་འབྲེལ་ངོ་སྤྲོད་དང་གསང་ཚིགས་ (User Id and Password) རེ་བཟོས་ཏེ་དེབ་སྐྱེལ་ཐོ་འགོད་བྱེད་དགོས།
དེབ་འགོད་བྱེད་སྐབས་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ གློག་འཕྲིན་ཁ་བྱང་། Email Id
༢༽ ཁ་པར་ཨང་། Mobile No.
༣༽ ཁྱད་མིང་། ༼མཆན། ཡོད་ན་ལས།༽ Surname
༤༽ མིང་། Name
༥༽སྐྱེས་ལོ་སྐྱེས་ཚེས། ༼མཆན། ཟླ་ཚེས་འདེམས་དགོས། ༽ DOB Format
༦༽ སྐྱེས་ལོ་སྐྱེས་ཚེས། ༼མཆན། ལག་ཁྱེར་གཞིར་བཟུང་། ༽Date Of Birth
༧༽ ཕོ་མོ་གང་ཡིན། Gender
༨༽ ཕྱི་བསྐྱོད་ངོ་སྤྲོད་ལག་ཁྱེར་སེར་པོའི་ IC No. ཨང་། ༼མཆན། མེད་ཚེ། N/A འབྲི་རྒྱུ། ༽ Passport No.
༩༽ རྒྱལ་འབངས། Nationality
དོ་བདག་ནས་དྲྭ་འབྲེལ་ངོ་སྤྲོད་དང་གསང་ཚིག་ User Id and Password བཟོས་ཟིན་མཚམས་ཞུ་སྙན་འགེངས་ཤོག་དང་དགོས་མཁོའི་ཡིག་ཆ་ཁག་སྔར་ལམ་ལྟར་དྲྭ་ཐོག་བཀང་འབུལ་བྱེད་དགོས། འདིའི་ཐད་དོགས་འདྲི་སོགས་ཞུ་དགོས་རིགས་འབྲེལ་ཡོད་མེ་གྷན་བདེ་སྲུང་ཡན་ལག་ལས་ཁུངས་སུ་འབྲེལ་གཏུག་གནང་ཕྱོགས་ཡོང་བ་བཅས་དེ་དོན་དགོངས་འཇགས་ཞུ། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༤ ལ། །