ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་ཕྱི་ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢ ནས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཟླ་བ་
དེ་ཡང་ཟླ་ ༡༠ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་རྒྱ་གར་རྒྱལ་ཡོངས་སྤྱི་ཚོ གས་ཞབས་ཞུ་ཚོགས་པའི་མངའ་སྡེའི་ སློབ་སྟོན་གཙོ་འཛིན་སྐུ་ཞབས་ཡོ འི་ཐུ་ཝིར་ Shri Yudth Veer ji, RSS state Parcharak མཆོག་དང་མཇལ་འཕྲད་གནང་ཡོད ། དེ་རྗེས་རྒྱ་གར་བྷི་ཇེ་པི་སྲིད་དོན་ཚོགས་པའི་མངའ་སྡེའི་དྲུ ང་ཆེ་ཆེན་མོ་སྐུ་ཞབས་ན་རི་ཤ་བྷ ན་སལ་ Mr. Naresh Bansal, state General Secretary,BJP མཆོག་དང་མཇལ་འཕྲད་གནང་།
གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ Press Club Uttaranchal ཞེས་པའི་ཚོགས་ཁང་ནང་གསར་འགོད་ གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་ དང་། སྐབས་དེར་རྒྱ་གར་གསར་འགོད་པ་མི ་འདྲ་བ་ ༡༢ ཙམ་དང་ལྷན་དྲི་བ་དྲིས་ལན་དང་། བོད་དོན་ཁྱབ་སྤེལ་གནང་ཡོད་ འདུག
དེ་ནས་མངའ་སྡེའི་དྲུང་ཆེ་ཆེན་མོ ་ཟུར་པ་དང་དེང་སྐབས་མངའ་སྡེའི་ གློག་གི་ལྷན་ཚོགས་ཀྱི་ཚོགས་གཙོ། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ སུ་པ་ཤི་ཀུ་མར་ནི་གི་ Shri Subash Kumar Negi, Former Chief Secretary, and Present Chairman of Uttarakhand Electricity Regulatory Commission མཆོག་དང་། རྒྱ་གར་བི་ཨེ་ས་བི་ BSP སྲིད་དོན་ཚོགས་པའི་རྫོང་གི་འགན་ འཛིན་ས་ཏེའི་ཡ་པལ་མཆོག ར་ཇི་པུར་ས་གནས་མངའ་སྡེའི་གྲོས་ ཚོགས་འཐུས་མི་ཁ་ཇན་ཌ་སི་ Khajan Dass, MLA of UK མཆོག དེ་བཞིན་མངའ་སྡེའི་གྲོས་ཚོགས་ འཐུས་མི་དང་གྲོས་ཚོགས་ཀྱི་ཚོགས་ གཙོ་ཟུར་པ་དུས་ཡུན་བརྒྱད་རིང་ལོ ་ངོ་ ༤༠ ཙམ་ལ་འཐུས་མི་གནང་མྱོང་མཁན་སྐུ་ ཞབས་ཧར་བྷན་ཀ་པུར་ Shri Harbans Kapoor, Former speaker, and Senior Most MLA of UK མཆོག མ་སུ་རི་ས་གནས་མངའ་སྡེའི་གྲོས་ ཚོགས་འཐུས་མི་སྐུ་ཞབས་གྷ་ནེ་ཤེ་ ཇོ་ཤི་ Shri Ganesh Joshi, Mussorie Constituency MLA མཆོག་བཅས་དང་མཇལ་འཕྲད་གནང་སྟེ། སྤྱི་འཐུས་རྣམ་པས་སྤྱི་ནོར་༸གོ ང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི ་མཛད་པ་འཕྲིན་ལས་དང་། བོད་དང་རྒྱ་གར་དབར་གྱི་འབྲེལ་ ལམ། བོད་འདི་རྒྱ་གར་གྱིས་གཙོས་དཀྱི ལ་ཤར་ཨེ་ཤི་ཡའི་ནང་གལ་ཆེན་ཇི་ལྟ ར་ཆགས་ཚུལ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་ པའི་གདུག་རྩུབ་ཅན་གྱི་སྲིད་བྱུ ས་ཁག དེ་བཞིན་བོད་མི་ཚོས་རྒྱ་གར་གྱི་ གནའ་བོའི་རིག་གཞུང་ཇི་ལྟར་བདག་ གཅེས་བྱས་ཡོད་པའི་སྐོར་དང་། རྒྱ་གར་དབུས་སའི་གཞུང་མང་གཉིས་ ནི་བོད་མི་ཚོར་སྔ་ཕྱི་བར་གསུམ་ དུ་བཀའ་དྲིན་ཆེན་པོ་ཡིན་པ་བཅས་ ཀྱི་ཐོག་འགྲེལ་བརྗོད་གནང་ཡོད་པ་ བཅས། །