ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་ (International Tourism in India and Role of Media) ཞེས་པའི་ལྷན་ཚོགས་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་མཉམ་ཞུགས་གནང་གཏན་འཁེལ་ཡོད།
ལྷན་ཚོགས་དེ་ (The National Media foundation and Parliament Press Club of South Asian) ཞེས་པའི་ཚོགས་པས་གོ་སྒྲིག་གནང་གི་ཡོད་པ་དང་། ལྷན་ཚོགས་དེའི་ནང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇེ་རམ་ཐ་ཀུར་ (Sh. Jai Ram Thakur) མཆོག་དང་། སྐུ་ཞབས་བྷལ་ཡོ་གི་ཨུ་མི་ཤི་ན་ཐ་ (Sh. Bal yogi Umesh Nath,Rastriya Sant from Ujjain,MP) མཆོག གཞན་གལ་ཆེ་མི་སྣ་ཁག་དང་། རྒྱ་གར་ནང་གི་གསར་འགོད་པ་ ༣༠༠ ལྷག་མཉམ་ཞུགས་གནང་རྒྱུ་ཡིན་འདུག
དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཟླ་ ༩ ཚེས་ ༡ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་ནས་སིམ་ལར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་སིམ་ལ་ནས་ཕྱིར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །