ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༨ ནས་ཕྱི་ཟླ་ ༨ ཚེས་ ༡༨ བར་ལས་ཉིན་ ༤༥ རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་ཁག་ལ་བསྐྱར་ཞིབ་བྱེད་མཁན་མི་འགྲོ་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བསྐོ་འཛུགས་ཞུས་པ་ལྟར། ད་རིང་རེས་གཟའ་སྤེན་པ་ཕྱི་དྲོ་ཚོུད་ ༣ པའི་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་མཆོག ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་གཙོ་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་གཙོས་པས་ཚོགས་མི་རྣམ་པ། གཞན་ཁྲིམས་ཞིབ་ཁང་གི་འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཚོགས་ཆུང་ནས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་རེར་ཞིབ་དཔྱོད་ཀྱིས་དོན་ཚན་ཁག་གཅིག་ལ་བསྐྱར་བཅོས་ཁྲིམས་འཆར་གྱི་ལས་བསྡོམས་ཕུལ་གནང་ཡོད།
དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་གཙོ་གཙོས་པས་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཏེ་བསྐྱར་ཞིབ་ཚོགས་ཆུང་འདི་མཇུག་སྒྲིལ་གནང་ཡོད་པའི་གསར་འགྱུར་སྙིང་བསྡུས་སུ། །