ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༤ ཉིན་རྒྱལ་ས་ཊོག་ཡོ་ནང་ཉི་ཧོང་སྐུ་ཚབ་དོན་ཁང་གི་གོ་སྒྲིག་ཐོག་ས་གནས་ཀྱི་བོད་པ་དང་། སོག་པོ། རྒྱ་རིགས། ཐེ་ཝན་མི་རིགས། ཉི་ཧོང་བ་སོགས་མཉམ་འཛོམས་གནང་སྟེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་ཕྱིར་ད་ལན་ཐེངས་གཉིས་པར་ཉ་སྲོག་བླུ་བཏང་གནང་འདུག
དེ་ཡང་གོང་ཚེས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཆེ་ཡུན་རིང་བརྟན་ཕྱིར་ཉ་སྲོག་བླུས་མཚོན་༧སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཞུས་པ་དང་སྦྲགས། ཉེ་དུས་ཉི་ཧོང་གི་ལྷོ་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་འབྱུང་བའི་གནོད་འཚེ་རྐྱེན་པས་ཚེ་འདས་སུ་གྱུར་བ་རྣམས་དང་། དེ་བཞིན་རྨས་སྐྱོན་ཕོགས་པ་ཡོངས་ལ་སྨོན་ལམ་གསུང་འདོན་ཡང་གནང་འདུག
སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་དགེ་བའི་བྱ་བ་འདིའི་ནང་མཉམ་ཞུགས་གནང་མཁན་དང་། དེ་བཞིན་ཞལ་འདེབས་གནང་མཁན་རྒྱ་རིགས་སོགས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག་པ་བཅས།།