ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཕ་རན་སི་ས་གནས་བོད་མི་རྣམས་ལ་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་གནད་དོན་སྐོར་གོ་རྟོགས་དང་ས་གནས་བོད་མིར་ཐུག་འཕྲད་སོགས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་སྟེ་ཕ་རན་སི་རྒྱལ་ས་པེ་རི་སི་ནས་སྦར་སིལ་མེ་འཁོར་འབབ་ཚུགས་སུ་ཕེབས་འབྱོར་སྐབས་སྦར་སིལ་སྐུ་ཚབ་དོན་གཙོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གཙོས་དོན་ཁང་གི་ལས་བྱེད་རྣམས་ནས་ཕེབས་བསུ་སྣེ་ལེན་ཞུས།
དེ་ཡང་བཀའ་བློན་མཆོག་སྦར་སེལ་ས་གནས་སུ་ཕེབས་འབྱོར་བྱུང་བ་ནས་བཟུང་སྦེལ་ཇམ་ནང་གནས་སྡོད་བོད་མི་རྣམས་ལ་དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་དཀའ་ངལ་རིགས་སེལ་ཐབས་སྐོར་གོ་རྟོགས་སྤེལ་ཡོད་པ་དང་། ཕྱི་ཚེས་ ༡༤ ཉིན་སྦར་སེལ་སྐུ་ཚབ་དོན་ཁང་གི་ལས་བྱེད་རྣམས་ནས་ཕྱག་རོགས་ཞུས་ཡོད། ཕྱི་ཚེས་ ༡༥ ཉིན་བཀའ་བློན་མཆོག་ནི་ཐར་ལེཌ་ Netherland རུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༦ བར་དེར་བཞུགས་རྒྱུ་དང་། ཕྱི་ཚེས་ ༡༧ ཉིན་སི་པེན་ཁུལ་གྱི་བོད་མི་རྣམས་ལ་དཔྱ་ཁྲལ་ལག་དེབ་སྐོར་གོ་རྟོགས་དང་། མང་ཚོགས་ལ་གསུང་བཤད་གནང་རྗེས་ཕྱི་ཚེས་ ༡༩ ཉིན་རྒྱ་གར་དུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག བཀའ་བློན་མཆོག་དང་ལྷན་དཔལ་འབྱོར་ལས་ཁུངས་ཀྱི་དཔྱ་དེབ་གྲངས་ཐོ་ཚན་པའི་འགན་འཛིན་སྐལ་བཟང་ཆོས་སྒྲོན་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།