ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ ཉིན་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་ཡོད་པ་ལྟར། གོང་ཚེས་ཉིན་ཨུ་རུ་སུ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་ཆ་ཤས་སུ་བོད་སྐྱོབ་དགེ་རྩ་ཚོགས་པ་ Save Tibet Foundation དང་རུ་སོག་སྐུ་ཚབ་དོན་གཅོད་གཉིས་ཀྱི་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོ་ཁལ་མུཀ་ Republic of Kalmykia སྲིད་འཛིན་ཟུར་པ་ཀིར་སན་ Kalmykia Kirsan Ilyumzhinov མཆོག་གིས་གཙོས་ཨུ་རུ་སུའི་དད་ལྡན་མི་མང་གྲངས་ ༡༠༠༠ ལྷག་ལྷན་འཛོམས་ཀྱིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ནང་རྟེན་གཞི་བྱས་པའི་མོ་སི་ཁོ་ཁང་པའི་གློག་བརྙན་ཚོགས་ཁང་ Moscow House of Cinema Hall ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུ་གྱ་གསུམ་བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་འཁྲུངས་སྐར་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨུ་རུ་སུའི་ནང་པ་གཉིས་ཀྱི་དབར་དུས་རབས་གཅིག་གི་ལོ་རྒྱུས་ཀྱི་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད། རིག་གཞུང་འཁྲབ་སྟོན་སྐབས་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པས་སྨོན་ལམ་གསུང་འདོན་དང་འཆམ་འཁྲབ་གནང་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཐུ་ཝ་ Tuva དང་། བྷུར་ཡ་ཏི། Buryatia ཁལ་མུཀ་ Kalmykia བཅས་ནང་པའི་ཡུལ་གྲུ་ཁག་གི་སྲུང་བརྩི་གཟབ་རྒྱས་ཞུས་ཡོད །
ཕྱོགས་མཚུངས་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་པྲི་ཏོ་རི་ཡ་ Pretoria ནང་རྟེན་གཞི་བྱས་པའི་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཟླ་འདིའི་ཕྱི་ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
སྐབས་དེར་སྐུ་མགྲོན་གཙོ་བོ་ལྷོ་ཨ་ཕི་རི་ཀ་ཨིན་ཁ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ Inkatha Freedom Party བུད་མེད་མཐུན་ཚོགས་ཀྱི་འགོ་ཁྲིད་ཧེ་ལེན་མ་ཀུ་སྦ་ Helen N Makhuba ལགས་ཀྱིས་གཙོས་གཞུང་ཚབ་མི་སྣ་དང་། ནང་པའི་ཆོས་ཚོགས། བོད་དོན་རྒྱས་སྐྱོར་བ་སོགས་ཁྱོན་མི་གྲངས་ ༧༥ ལྷག་མཉམ་བཞུགས་གནང་ཡོད།
མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ལྷོ་ཨ་པི་རི་ཀ་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་མྱ་ངན་སྐར་མ་གཅིག་ཞུས་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་ལམ་གསུང་འདོན་གནང་བ་དང་སྟབས་བསྟུན། ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པར་བརྟེན་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༥༢ ཀྱིས་རང་ལུས་མེར་སྲེག་གནང་ཡོད་པ་དང་། སྐུ་མགྲོན་རྣམ་པ་མཛད་སྒོར་ཕེབས་ཏེ་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་སེམས་མཉམ་སྐྱེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བྱམས་བརྩེ་དང་། སེམས་པ་བཟང་པོ། ཆོས་ལུགས་མཐུན་སྒྲིལ། རང་དབང་། མང་གཙོ། ཞི་བདེ་སོགས་ཀྱི་མཚོན་དོན་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་སྟེ་ཨ་ཕི་རི་ཀ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཆ་ཤས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བར་ཡི་རང་བསྔགས་བརྗོད་ཀྱི་ཕྱག་འཁྱེར་རེ་ཕུལ་ཡོད།
དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ ཉིན་བྷར་སིལ་ Brazil ཡུལ་གྱི་རྒྱལ་ས་སྭ་པོ་ལོའི་ནང་ Sao Paulo City ནང་རྟེན་གཞི་བྱས་པའི་བོད་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་ལྔ་བཅུ་ཙམ་ཕེབས་ཡོད།
སྐབས་དེར་ལྷོ་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཀྱིས་སྐུ་མགྲོན་རྣམ་པར་ཕེབས་བསུ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་སྟེ་འགྲོ་བ་མིའི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། བཟོད་སྲན། ཆོག་ཤེས་སོགས་བཟང་པོའི་རིན་ཐང་གོང་འཕེལ་དང་། ཆོས་ལུགས་ནང་ཕན་ཚུན་གུས་རྩི་དང་འཆམ་མཐུན་བསྐྲུན་དགོས་པ། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དགོས་པ་དང་ཉམས་པ་གསོར་ཆུད། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་སྐོར་ངོ་སྤྲོད་དང་འབྲེལ་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་པོར་ཅུ་གལ་སྐད་ཡིག་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མི་སྤྱི་དང་། ལྷག་པར་འཛམ་གླིང་སྤྱི་ལ་ཇི་ཙམ་གལ་ཆེན་པོ་ཡིན་པའི་སྐོར་སྐར་མ་བདུན་ཅན་གྱི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་པར་སྐུ་མགྲོན་རྣམ་པ་སེམས་འགུལ་ཧ་ཅང་ཤུགས་ཆེ་ཐེབས་ཡོད།
གཞན་ཡང་ཨིན་ཡུལ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ Buddist Society ཞེས་པའི་ཐེབས་རྩ་ཁང་དུ་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། སྐབས་དེར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་ཕྱི་ཚེས་ ༡ ཉིན་ BBC4 ཞེས་པའི་རླུང་འཕྲིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཁུར་གཙོ་བོ་བཞིའི་སྐོར་རྒྱང་བསྲིང་ཞུས་པ་དེ་ཉིད་བགོ་འགྲེམས་གནང་ཡོད་པ་མ་ཟད།
བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ དེ་བཞིན་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར་ཨིན་ཡུལ་སྐུ་ཚབ་དོན་ཁང་ནས་Buddhist Societyཞེས་པའི་ཐེབས་རྩ་ཁང་དང་། རྒྱལ་ཁབ་དེའི་ནང་རྟེན་གཞི་བྱས་པའི་ Tibet Society བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་ཀྱི་ངལ་སེལ་ཚོགས་པ་ Tibet Releif Fund བཅས་ཚོགས་པ་ཁག་གསུམ་དང་། དེ་བཞི་སྒེར་པ་ཁག་གསུམ་ནས་ད་བར་རྒྱབ་སྐྱོར་