ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ ཉིན་ཏེ་༸སྐུའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་བཅུ་ལ་སྲིད་ཚབ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ལེགས་སོའི་གཟེངས་རྟགས་ཕྱག་འཁྱེར་ཕུལ་ཡོད།
དེ་ཡང་སྲི་ཞུའི་ལས་བྱེད་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་བཅུའི་ལོ་རྒྱུས་སྙིང་བསྡུས།
༡། ཐེ་ཝན་སྐུ་ཚབ་དོན་གཅོད་དྲུང་ཆེ་ཟླ་བ་ཚེ་རིང་ལགས་ནི།
ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡༥ ཉིན་ནས་ཚོད་ལྟའི་ཐོག་བོད་གནས་ཉམས་ཞིབ་ཁང་གི་དྲུང་གཞོན་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༤ ཟླ་ ༤ ཚེས་ ༢༥ ཉིན་་དྲུང་གཞོན་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༩ ཉིན་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ཕྱི་དྲིལ་ལས་ཁུངས་རང་འཇགས། ཕྱི་ལོ་ ༢༠༠༧ ཟླ་ ༦ ཚེས་ ༨ ཉིན་དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༤ ཉིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་དུ་གནས་སྤོས། ཕྱི་ལོམ་ ༢༠༡༢ ཟླ་ ༢ ཚེས་ ༢ ཉིན་དྲུང་ཆེ་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣༡ ཉིན་བཀའ་ཡིག་ཁྱབ་ཁོངས་བར་བརྒལ་ལས་བཀོད་ཚན་པར་གནས་སྤོས། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ ཉིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་དུ་གནས་སྤོས་ཀྱིས་ལས་འགན་ཞུས་མུས་ཡིན་པ་བཅས་ད་བར་ཞབས་ལོ་ཉི་ཤུ་རྩ་ལྔ་ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༢། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་རིན་ཆེན་དབང་མོ་ལགས་ནི།
ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༢༡ ཉིན་གནས་དགུ་པ་ཚོད་ལྟའི་ཐོག་ཆོས་རིག་ལས་ཁུངས་ཀྱི་རྒན་དྲུང་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ཉིན་རྒན་དྲུང་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༤ ཟླ་ ༣ ཚེས་ ༡༥ཉིན་སྦིར་བོད་ཚོགས་བཟོ་གཞིས་ལས་ཁང་གི་རྩིས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༦ ཟླ་ ༡༠ ཚེས་ ༣ ཉིན་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༦ ཉིན་ནས་ཟློས་གར་ཡིག་ཚང་དུ་དངུལ་གཉེར་དང་སློབ་དོ་གཅིག་ལྕོགས་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་ ༡ ཚེས་ ༢༡ ནས་ལས་དོར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༡༩ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༥ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ནང་སྲིད་ལས་ཁུངས་རང་འཇགས། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༠ ནས་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢ ནས་ཟླ་གྲངས་དྲུག་རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡
ནས་ནང་སྲིད་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༥ ནས་སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༥ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས་ཀྱིས་ལས་འགན་ཞུས་མུས་ཡིན་པ་བཅས་ད་བར་ཞབས་ལོ་ཉི་ཤུ་རྩ་ལྔ་ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༣། བཀའ་ཡིག་ཁྱབ་ཁོངས་བར་བརྒལ་ལས་བཀོད་སྡེ་ཚན་གྱི་དྲུང་གཞོན་པདྨ་མཚོ་མོ་ལགས་ནི།
ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༢༩ ནས་གནས་དགུ་པ་ཚོད་ལྟའི་ཐོག་འོས་བསྡུའི་ལས་ཁང་གི་རྒན་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ནས་རྒན་དྲུང་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༩༦ ཟླ་ ༡༠ ཚེས་ ༨ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་འོས་བསྡུ་ལས་ཁང་རང་འཇགས། ཕྱི་ལོ་ ༢༠༠༠ ཟླ་ ༡ ཚེས་ ༢༧ ནས་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་སྒང་ཏོག་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༣
ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་རྡ་ས་ས་འགོ་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༦ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༤ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ནང་སྲིད་ལས་ཁུངས་རང་འཇགས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣ ནས་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༨ ནས་བཀའ་ཡིག་ཁྱབ་ཁོངས་བར་བརྒལ་ལས་བཀོད་ཚན་པར་གནས་སྤོས། ཕྱི་ལོོ་ ༢༠༡༦ ཟླ་ ༣ ཚེས་ ༡ ནས་བསུ་ན་མདའ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༢ ནས་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་དྲུང་ལས་སུ་གནས་སྤོས། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡ ནས་བཀའ་ཡིག་ཁྱབ་ཁོངས་བར་བརྒལ་ལས་བཀོད་ཚན་པར་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༩ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་ཁུངས་རང་འཇགས་སུ་ལས་འགན་ཞུས་མུས་ཡིན་པ་བཅས་ད་བར་ཞབས་ལོ་ཉི་ཤུ་རྩ་ལྔ་ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༤། བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་བསོད་ནམས་དཔལ་སྒྲོན་ལགས་ནི།
ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༣༠ ནས་གནས་དགུ་པ་ཚོད་ལྟའི་ཐོག་འཆར་འགོད་ལས་ཁང་གིས་རྒན་དྲུང་དུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ནས་རྒན་དྲུང་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༩༦ ཟླ་ ༡༠ ཚེས་ ༩ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་འཆར་འགོད་ལས་ཁང་རང་འཇགས། ཕྱི་ལོ་ ༢༠༠༠ ཟླ་ ༡ ཚེས་ ༢༩ ནས་ལས་དོའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༢༡ ནས་འཕྲོད་བསྟན་ལས་ཁུངས་ཀྱི་ལས་དོར་གནས་སྤོས། ཕྱི་ལོ་
༢༠༠༡ ཟླ་ ༥ ཚེས་ ༡ ནས་ཌལ་ཧོར་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་དང་བཟོ་གྲྭའི་རྩིས་པར་གནས་སྤོས།
ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༢༨ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་འོས་བསྡུ་ལས་ཁང་དུ་གནས་སྤོས། ཕྱི་ལོ་
༢༠༡༠ ཟླ་ ༡༠ ཚེས་ ༡༥ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་འོས་བསྡུ་ལས་ཁང་རང་འཇགས། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༠ ནས་བཀའ་དྲུང་ཡིག་ཚང་གི་དྲུང་ལས་སུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༢ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་བཀའ་དྲུང་ཡིག་ཚང་རང་འཇགས་སུ་ལས་འགན་ཞུས་མུས་བཅས་ད་བར་ཞབས་ལོ་ ༢༥ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༥། ཆོས་རིག་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་སྒྲོལ་དཀར་ལགས་ནི།
ཕྱི་ལོ་ ༡༩༩༢ ཟླ་ ༡༡ ཚེས་ ༢ ནས་གནས་དགུ་པ་ཚོད་ལྟའི་ཐོག་སིམ་ལ་བདེ་དོན་ལས་ཁང་གི་ལས་དྲུང་དུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ནས་རྒན་དྲུང་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༩༦ ཟླ་ ༡༠ ཚེས་ ༡༠ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༨ ཟླ་ ༡༢ ཚེས་ ༡༦ ནས་སིམ་ལ་བཟོ་གྲྭའི་རྩིས་པར་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་ ༡ ཚེས་ ༣༡ ནས་ལས་དོར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་
༢༠༠༢ ཟླ་ ༢ ཚེས་ ༡ ནས་རྡ་ས་བོད་མིའི་མཉམ་ལས་བཟོ་གྲྭའི་རྩིས་པར་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༡
ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་སྒང་ཏོག་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་
༢༠༠༦ ཟླ་ ༢ ཚེས་ ༢༦ ནས་ཆོས་རིག་ལས་ཁུངས་ཀྱི་སྡེ་འགན་དུ་གནས་སྤོས། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༦
ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ཆོས་རིག་ལས་ཁུངས་རང་འཇགས། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༣
ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ཆོས་རིག་ལས་ཁུངས་རང་འཇགས་སུ་ལས་འགན་ཞུས་མུས་བཅས་ད་བར་ཞབས་ལོ་ ༢༥ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༦། སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་དྲུང་ལས་ཕྱི་འབྲོག་ཀརྨ་དགེ་ལེགས་ལགས་ནི།
ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༡༣ ནས་གནས་དགུ་པ་ཚོད་ལྟའི་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་རྒན་དྲུང་དུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ནས་རྒན་དྲུང་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༤ ཟླ་ ༩ ཚེས་ ༡ ནས་གནས་རང་འཇགས་ཐོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༡ ནས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༡ ནས་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༡ ནས་ལས་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༠ ཟླ་ ༩ ཚེས་ ༡ ནས་རྡོར་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༡༡ ནས་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་ལུགས་བསམ་འཕྲུལ་རྨོས་འགན་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༡༥ ནས་ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༧ ཟླ་ ༦ ཚེས་ ༢༥ ནས་མན་སྤར་ཕན་བདེ་གླིང་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༤ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ལྡི་ལི་སྣེ་ལེན་ཁང་གི་འགན་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ནས་མན་ཊི་ཁྱབ་ཁོངས་མཚོ་པདྨའི་འབྲེལ་མཐུད་པར་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༧ ནས་ཤེས་ལོང་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་༢༠༡༤ ཟླ་ ༡༡ ཚེས་ ༡༠ ནས་ཟླ་གྲངས་དྲུག་རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༡
ནས་བདེ་སྲུང་ལས་ཁུངས་སུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༤ ནས་དྲུང་ལས་གནས་རིམ་དུ་གནསསྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༤ ནས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས་ཀྱིས་ལས་འགན་ཞུས་མུས་བཅས་ད་བར་ཞབས་ལོ་ ༢༥ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༧། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ལས་སྐལ་བཟང་ཆོས་སྒྲོན་ལགས་ནི།
ཕྱི་ལོ་ ༡༩༩༢ ཟླ་ ༡༡ ཚེས་ ༣ ནས་གནས་དགུ་པ་ཚོད་ལྟའི་ཐོག་ལོ་ར་ས་གཞིས་ཆགས་ཀྱི་ལས་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ནས་རྒན་དྲུང་ངོ་མར་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧
ནས་བྷན་རྡ་ར་ནོར་རྒྱས་གླིང་གཞིས་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༢༦ ནས་ཌལ་ཧོར་བདེ་དོན་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༨ ཟླ་ ༣ ཚེས་ ༧ ནས་ལས་དྲུང་གི་ལས་འགན་ཐོག་བཟོ་གྲྭའི་རྩིས་པའི་ལས་འགན་ཡང་མཉམ་འཁྱེར་ཞུས། ཕྱི་ལོ་ ༢༠༠༠ ཟླ་ ༡ ཚེས་ ༡༧ ནས་ཕྱི་དྲིལ་ལས་ཁུངས་ཀྱི་རྒན་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་ ༡ ཚེས་ ༡༠ ནས་ཟླ་གཅིག་རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༡༣ ནས་ལས་དོ་གནས་རིམ་དུ་གནས་སྤར་གྱིས་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༦ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡ ནས་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༧ ནས་སྦེལ་ཀོབ་བདེ་སླར་ས་གནས་འགོ་འཛིན་ལས་ཁུང་དུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༡ ནས་སྡི་ལི་སྐུ་ཚབ་དོན་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༠ ནས་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༦ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་དཔལ་འབྱོར་ལས་ཁུངས་རང་འཇགས། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༧ ནས་ཟླ་གྲངས་བཞི་རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༦ ནས་དཔལ་འབྱོར་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་གིས་ལས་འགན་ཞུས་མུས་བཅས་ད་བར་ཞབས་ལོ་ ༢༥ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༨། ནང་སྲིད་ལས་ཁུངས་ཀྱི་དྲུང་ལས་རུ་བྱང་དངོས་གྲུབ་འོད་ཟེར་ལགས་ནི།
ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༩ ནས་གནས་བཅུ་པ་ཚོད་ལྟའི་ཐོག་ར་ཝང་ལ་མཉམ་དྲུང་དང་བཟོ་འགོ་གཅིག་ལྕོགས་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ནས་གཞོན་དྲུང་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༩༤ ཟླ་ ༡ ཚེས་ ༡༤ ནས་མན་སྤར་གཞིས་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༥ ནས་རྒན་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༡༦ ནས་བྷན་རྡ་ར་གཞི་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༡ ནས་སྦེལ་ཀོབ་བདེ་སླར་གཞིས་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་༧ ཚེས་ ༡༠ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༡ ཟླ་ ༡༠ ཚེས་ ༡
ནས་ལ་དྭགས་གཞིས་ཆགས་ཀྱི་མཉམ་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་ ༡༠ ཚེས་ ༡ ནས་སྦེང་ལོར་ལྷོ་སྤྱི་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༡༧ ནས་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༩ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ཀམ་རའོ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༧ ནས་རྭ་སྤུར་མཉམ་ལས་བཟོ་འགོར་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣༡ ནས་ཀམ་རའོ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༥ ནས་ནང་སྲིད་ལས་ཁུངས་ཀྱི་སྡེ་འགན་དུ་གནས་སྤོས། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༨ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ནང་སྲིད་ལས་ཁུངས་རང་འཇགས་སུ་ལས་འགན་ཞུས་མུས་ཡིན་པ་བཅས་ད་བར་ཞབས་ལོ་ ༢༥ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༩། བདེ་སྲུང་ལས་ཁུངས་ཀྱི་དྲུང་ལས་གཅེན་ལུང་ཆུ་ནང་འཇིགས་མེད་རྒྱ་མཚོ་ལགས་ནི།
ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༡༤ ནས་གནས་བཅུ་པ་ཚོད་ལྟའི་ཐོག་བདེ་སྲུང་ལས་ཁུངས་ཀྱི་གཞོན་དྲུང་དུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ནས་གཞོན་དྲུང་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༡༠ ནས་རྒན་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༨ ཟླ་ ༦ ཚེས་ ༡༧ ནས་ཟླ་གྲངས་དྲུང་རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༥ ནས་བདེ་དྲུང་ལས་ཁུངས་ཀྱི་རྒན་དྲུང་གི་ལས་འགན་བསྐོད་གཞག ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༡༢ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་བདེ་སྲུང་ལས་ཁུངས་རང་འཇགས། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༡༨ ནས་ལས་དོ་གནས་རིམ་དུ་གནས་སྤར་གྱིས་བདེ་སྲུང་ལས་ཁུངས་རང་འཇགས། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༠ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་བདེ་སྲུང་ལས་ཁུངས་རང་འཇགས། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༩ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་བདེ་སྲུང་ལས་ཁུངས་རང་འཇགས་སུ་ལས་འགན་ཞུས་མུས་ཡིན་པ་བཅས་ད་བར་ཞབས་ལོ་ ༢༥ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༡༠། ནང་སྲིད་ལས་ཁུངས་ཀྱི་དྲུང་ལས་ཆུ་སྐྱ་སྦྲ་གཉིས་བསྟན་འཛིན་ངག་སྒྲོན་ལགས་ནི།
ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༡༥ ནས་གནས་བཅུ་པ་ཚོད་ལྟའི་ཐོག་ཌལ་ཧོར་བདེ་དོན་ལས་ཁང་གི་ལས་དྲུང་དུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ནས་གཞོན་དྲུང་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༡༢ ནས་རྒན་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༧ ཟླ་ ༨ ཚེས་ ༡ ནས་མན་སྤར་གཞིས་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༡ ཚེས་ ༢ ནས་སྦིར་ཅོན་ཏ་ར་བཟོ་གཞིའི་རྩིས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༡༣ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༡༩ ནས་བདེ་སྐྱིད་གླིང་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༡༩ ནས་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་བྷན་རྡ་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༣ ཟླ་ ༦ ཚེས་ ༡༦ ནས་ཟླ་གཅིག་རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ ༢༠༠༥ ཟླ་ ༩ ཚེས་ ༡༦ ནས་ཤེས་རིག་ལས་ཁུངས་ཀྱི་ལས་དོར་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༡ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ཤེས་རིག་ལས་ཁུངས་རང་འཇགས། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༦ ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ནང་སྲིད་ལས་ཁུངས་སུ་གནས་སྤོས་ཀྱིས་ལས་འགན་ཞུས་མུས་ཡིན་པ་བཅས་ད་བར་ཞབས་ལོ་ ༢༥ ལྷག་སྲི་ཞུའི་ཞབས་འདེགས་ཞུས། །