ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ རེས་གཟའ་པ་སངས།
༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་སྦོ་སེ་ཌོན་ Boston དང་། རྒྱ་ས་ཝ་ཤིང་ཊོན་ Washington DC སོགས་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༣༠ ཉིན་སྦོ་སེ་ཌོན་ནས་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་གྱིས་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང Office of Tibet དང་།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། International Campaign for Tibet ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་Radio Free Asia སོགས་ལ་འཚམས་གཟིགས་གནང་།
ཆུ་ཚོད ༡༡།༣༠ ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མ་ཊོ་མེཀ་ཀ་སི་ Mr Matteo Maccaci ལགས་དང་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་ཕེབས་བསུ་ཞུས། ལས་འགུལ་ཁང་གི་འགན་འཛིན་གྱིས་ཨ་རིའི་རོགས་དངུལ་དེ་དག་ཕན་ཐོགས་གང་ཡོད་སྐོར་བཀའ་འདྲི་གནང་བའི་ལན་དུ་ནང་སྲིད་བཀའ་བློན་མཆོག་གིས་ཨ་རིའི་རོགས་དངུལ་དེ་དག་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་གཞིས་ཆགས་ཁག་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་ཡོད་སྐོར་སོགས་དང་། ལས་ཁུངས་གཉིས་ཀྱི་ཕྱག་ལས་གནང་ཕྱོགས་དང་མ་འོངས་པར་མཉམ་ལས་ཡར་རྒྱས་གཏོང་ཕྱོགས་སྐོར་བཀའ་མོལ་ལྷུག་པོ་གནང་།
ཉིན་གུང་ཆུ་ཚོད ༡༢།༣༠ ཐོག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་ཀྱིས་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་རླུང་འཕྲིན་ཁང་ནས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་གཞིས་སྒར་ཁག་དང་འབྲེལ་བའི་ནང་སྲིད་ལས་ཁུངས་ཀྱི་ཕྱག་ལས་གནས་ཕྱོགས་དང་འབྲེལ་བའི་བཅར་འདྲི་ལ་བཀའ་ལན་གནང་།
དགོང་མོ་ཆུ་ཚོད ༦།༣༠ ཐོག་རྒྱལ་སའི་གཡས་གཡོན་མངའ་སྡེ་གསུམ་ District of Colombia, Virginia & Maryland ནང་ཡོད་པའི་བོད་རིགས་མང་ཚོགས་བརྒྱ་ལྷག་ཙམ་ལ་གཙོ་བོ་སྐབས ༡༥ པའི་བཀའ་ཤག་གིས་འདས་པའི་ལོ་གཉིས་ལྷག་ནང་གལ་ཆེ་བའི་ཕྱག་ལས་གང་གནང་ཡོད་པ་དང་། དུས་ཡུན་ལྷག་མ་ལོ་གསུམ་མ་ཟིན་ཙམ་ནང་ལས་འཆར་ལྔ་དང་ལྔ་བཅུའི་སྐོར་ངོ་སྤྲོད་གནང་།
ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་རྒྱལ་ས་ནས་ནིའུ་ཡོག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་