ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་གར་སྤོན་ཊ་ཆོལ་གསུམ་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་དང་ཁྱབ་ཁོངས་དཔལ་ཞ་ལུ་དགོན་པ་གཉིས་ཐུན་མོང་ནས་སྙན་སེང་གསོལ་འདེབས་ཞུས་དོན་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༨ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ཞབས་སོར་བཀའ་དྲིན་བསྐྱངས་ཏེ་གཞིས་མི་ལོ་ན་ ༧༥ བརྒལ་བ་རྣམས་ལ་དམིགས་བསལ་མཇལ་ཁ་དང་། དེ་བཞིན་སྤོན་ཊ་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་ཡོངས་ལ་ནང་དོན་རིག་པའི་སྐོར་དང་དེང་དུས་ཤེས་ཡོན་སྦྱོང་རྒྱུ་གལ་ཆེའི་སྐོར་བཀའ་སློབ་དང་།
ཕྱི་ཚེས་ ༢༩ ཉིན་ཀྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ཞ་ལུ་དགོན་པའི་བྱང་ཆུབ་མཆོད་རྟེན་མཐོང་གྲོལ་རིན་པོ་ཆེ་ལེགས་གྲུབ་བྱུང་བར་རབ་གནས་བཀའ་དྲིན་བསྐྱངས་རྗེས་ཆོས་ཞུ་བ་མི་གྲངས་ ༢༠༠༠ ལྷག་ལ་རྣདང་བླང་དོར་ལམ་སྟོན་ཟབ་རྒྱས་གནང་ཡོད་པ་བཅས།།