༢༠༡༡ ཟླ་ ༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༡ ཉིན་ཨ་རིའི་ཨར་ཁན་སཱ་(Arkansa)གཙུག་ལག་སློག་གཉེར་ཁང་ནས་སློབ་གཉེར་ཁང་དེའི་ནང་སློབ་ཁྲིད་གནང་བཞིན་ཡོད་པའི་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་ཐུབ་བསྟན་རྡོ་རྗེ་ལགས་སུ་ཞི་བདེ་དང་དྲང་བདེན་གྱི་གཟེངས་རྟགས་གནང་འདུག
དེ་ཡང་ཁོང་གིས་གཙུག་ལག་སློབ་གཉེར་ཁང་དེའི་ནང་དུ་འདས་པའི་ལོ་ལྔའི་ནང་ཞི་བདེའི་ཐོག་ལ་སློབ་ཁྲིད་གནང་བར་བརྟེན། གཙུག་ལག་སློབ་ཁང་དེའི་སློབ་ཕྲུག་ཙམ་མ་ཟད། མི་མང་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་སྟབས་ད་ཐེངས་ཀྱི་གཟེངས་རྟགས་དེ་གནང་བ་ཞིག་རེད་འདུག
གཟེངས་རྟགས་དེ་ཡང་ཕྱི་ལོ་ ༡༩༩༣ ནས་གནང་འགོ་བཙུགས་པ་ཞིག་ཡིན་པ་མ་ཟད། དེ་སྔོན་གཟེངས་རྟགས་ཐེངས་གཉིས་གནང་ཡོད་ཀྱང་ད་ཐེངས་ཀྱི་གཟེངས་རྟགས་སྔོན་དང་མི་འདྲ་བར་ཞི་བདེ་དང་དྲང་བདེན་ཐོག་ལ་གནང་བ་ཞིག་ཡིན་འདུག
དེ་བཞིན་ཁོང་གི་སློབ་ཁྲིད་གནང་བཞིན་པའི་གཙུག་ལག་སློབ་གཉེར་ཁང་དེའི་ནང་ལ་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་ད་ལྟའི་ཆར་སློབ་ཕྲུག་གྲངས་ ༢༥༠༠༠ བརྒལ་བ་ཡོད་པའི་ནང་ཁོང་གིས་སློབ་ཕྲུག་ ༢༠༠ ནས་ ༣༠༠ བརྒལ་བར་སློབ་ཚན་གཉིས་ནས་གསུམ་བར་སློབ་ཁྲིད་གནང་གི་ཡོད་པར་ཉེ་དུས་རྒྱ་མིའི་སློབ་ཕྲུག་ཀྱང་སློབ་ཚན་ཉན་བར་ཡོང་མུས་ཡིན་འདུག་པ་བཅས། །
དགེ་བཤེས་ཐུབ་བསྟན་རྡོ་རྗེས་ལགས་སུ་ཞི་བདེ་དང་དྲང་བདེན་གྱི་གཟེངས་རྟགས་གནང་བ།
གསར་གནས།
འབྲེལ་གནས།