༢༠༡༡ ཟླ་ ༡ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །སྦེལ་ཇམ་བོད་གཞུང་སྐུ་ཚབ་དོན་ཁང་གིས་འབོད་སྐུལ་རྒྱུན་སྲིང་ཞུས་དོན་ལྟར་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡ ནས་བདུན་བཞིའི་རིང་དང། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༣ ནས་ཟླ་ ༧ ཚེས་ ༡༤ བར་ཡུ་རོབ་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཡུ་རོབ་གནས་སྡོད་བོད་མི་ན་གཞོན་སློབ་གྲྭ་ཆེ་བ་ཐར་སོན་པ་ཁག་གཅིག་ལ་ཡུ་རོབ་གྲོས་ཚོགས་ཀྱི་འཛིན་སྐྱོང་ལས་དོན་ཐོག་གོ་རྟོགས་སྤེལ་ཆེད་ཟབ་སྦྱོང་སྔ་ཕྱི་ཐེངས་གཉིས་ཙམ་ཞིག་གོ་སྒྲིག་ཞུ་འཆར་ཡོད་འདུག
ཟབ་སྦྱོང་ཐེངས་དང་པོའི་ཆ་རྐྱེན་གཙོ་རྣམས་ནི། སློབ་གྲྭ་ཆེ་བ་ཐར་སོན་པ། ཉུང་མཐར་རང་ལོ་ ༢༥ ལོན་པ། སྡོད་ཁང་ཡུད་རོབ་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ནས་གྲ་སྒྲིག་ཞུ་འཆར་ཡོད་འདུག ཟབ་སྦྱོང་ཐེངས་གཉིས་པའི་སྐབས་སློབ་གྲྭ་ཆེ་བ་ཐར་སོན་པའི་བོད་མི་ཉུང་མཐར་རང་ལོ་ ༢༠ ལོན་པ་དང། སློབ་ཡོན་མང་མཐར་ཡུ་རོ་སྒོར་ ༡༠༠༠ གནང་རྒྱུ་ཡིན་འདུག སྡོད་ཁང་འབྲེལ་ཡོད་ཟབ་སྦྱོང་བ་སོ་སོ་ནས་གོ་སྒྲིག་ཞུ་དགོས་འདུག་པ་བཅས།།
ཡུ་རོབ་གྲོས་ཚོགས་ནང་བོད་མི་ན་གཞོན་ཁག་གཅིག་ལ་ཟབ་སྦྱོང་སྤྲོད་རྒྱུ།
གསར་གནས།
འབྲེལ་གནས།