༄༅། །བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༤ ཉིན་དྷ་ས་ནས་ཀོ་ལི་གྷལ་དང་ཧོན་སུར། སྦེང་ལོར། མོན་གྷོ་བཅས་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་གཅིག་ནང་གཞུང་དོན་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པ་དང། དེ་ཡང་ཕྱི་ཚེས་ ༢༤ ཉིན་དྷ་ས་ནས་ཅཀྐཱི་བྷེངྐ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢༥ ཉིན་ལྡི་ལི་ནས་གནམ་ཐོག་བརྒྱུད་སྦེང་ལོར་དུ་ཕེབས་ཐོན་གནང་སྟེ་ཚེས་ ༢༦ ཉིན་ཀོ་ལི་གྷལ་གཞིས་ཆགས་སུ་གཞུང་དོན་འཚམས་གཟིགས་གནང་རྒྱུ་དང། ཕྱི་ཚེས་ ༢༧ ཉིན་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཕེབས་རྒྱུ་ཡིན་འདུག ཕྱི་ཚེས་ ༢༨ ཉིན་ཧུན་སུར་ནས་སྦེང་ལོར་དུ་ཕེབས་ཐོན་གྱིས་ཚེས་ ༢༩ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་བེལ་ལི་སློབ་གྲྭར་(The Valley School) ཕེབས་རྒྱུ་ཡིན་འདུག་པ་དང། ཕྱི་ཚེས་ ༢༩ ཉིན་སྦེང་ལོར་ནས་མེ་འཁོར་བརྒྱུད་ཧུབ་ལིར་ཕེབས་ཐོན་དང་ ༢༠༡༡ ཟླ་ ༡ ཚེས་ ༣༠ ནས་ ཟླ་ ༢ ཚེས་ ༢ བར་མོན་གྷོ་ས་སུ་གཞུང་དོན་ལས་འཆར་ཁག་འགྲུབ་སྟེ་ཚེས་ ༢ ཉིན་ཧུབ་ལི་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས། ཕྱི་ཚེས་ ༣ ཉིན་དྷ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།
གསར་གནས།
འབྲེལ་གནས།