༢༠༡༡ ཟླ་ ༡ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷར་སིལ་(Brasil) སྲིད་འཛིན་སྐུ་ཞབས་ཌིལ་མ་ཝ་ན་རོ་སེ་ཕི་ (H.E.Dilma Vana Rousseff) མཆོག་བརྒྱུད་ཡུལ་དེར་ཉེ་ལམ་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་ཕོག་པའི་ཡུལ་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན།
ཉེ་ལམ་ལྷོ་ཤར་བྷར་སིལ་ས་ཁུལ་དུ་སྔར་བྱུང་མ་མྱོང་བའི་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་བྱུང་སྟེ་ཡུལ་མི་མང་པོའི་ཚེ་སྲོག་ཤོར་བ་དང་རྒྱུ་དངོས་མང་པོ་རྩ་གཏོར་ཕྱིན་པར་ངོས་རང་བློ་ཕམ་ཧ་ཅང་ཆེན་པོ་བྱུང། ཆུ་ལོག་གི་གནོད་འཚེ་དེའི་འོག་ཚེ་སྲོག་ཤོར་བའི་ཡུལ་མི་རྣམས་ལ་སྨོན་ལམ་དང་ཆབས་གཅིག་རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་ངོས་ཀྱིས་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད། རང་བྱུང་གི་འཇིག་པ་དེའི་འོག་ད་བར་བྷར་སིལ་ཡུལ་མི་གྲངས་ ༥༠༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་མ་ཟད། མི་མང་སྟོང་ཕྲག་མང་པོའི་ཁང་ཁྱིམ་རྩ་གཏོར་ཕྱིན་ཏེ་སྡོད་ཁང་མེད་པའི་དཀའ་ངལ་ཚབས་ཆེ་འཕྲད་བཞིན་ཡོད་པའི་གནས་ཚུལ་བྱུང་འདུག་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆུ་ལོག་གི་གནོད་འཚེ་ཕོག་པའི་བྷ་ར་སིལ་ཡུལ་མི་རྣམས་ལ་ཐུགས་གསོའི་གསུང་ཕྲིན་རྩལ་བ།
གསར་གནས།
འབྲེལ་གནས།