༢༠༡༠ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༨ རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་གཞུང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་རྒྱ་གར་གྱི་ཡུལ་མི་སྐུ་ཞབས་སུ་རེན་ཌྲ་མོ་ཧན་ལགས་(Surendra Mohan) འདས་གྲོངས་སུ་གྱུར་བར་དམ་པ་དེ་ཉིད་ཀྱི་ལྕམ་སྐུ་མན་ཇུ་མོ་ཧན་ལགས་ལ་གདུང་སེམས་མཉམ་སྐྱེ་གི་གནས་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན།
སྐུ་ཞབས་སུ་རེན་ཌྲ་མོ་ཧན་ལགས་འདས་གྲོངས་སུ་གྱུར་བར་བོད་མི་རྣམས་དང་བཀའ་ཤག་གི་ལས་རོགས་རྣམས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་དང་སྐུ་ཉིད་ཀྱི་ནང་མི་ཚོར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན།
སྐུ་ཞབས་སུ་རེན་ཌྲ་མོ་ཧན་ལགས་ནི་རང་གི་རྒྱལ་ཁབ་ཀྱི་ཆབ་སྲིད་ལས་དོན་ཐོག་ལྷག་བསམ་རྣམ་དག་གི་འགན་ཁུར་བཞེས་མཁན་ཞིག་དང་ཕུགས་རྒྱང་རིིང་པོའི་དགོངས་བཞེས་གནང་མཁན་གྱི་མི་སྣ་གྲགས་ཅན་ཞིག་ཡིན་པ་མ་ཟད། བོད་མི་ཚོའི་གནས་སྟངས་དང་བོད་ཀྱི་གནད་དོན་ལ་གདུང་སེམས་མཉམ་སྐྱེ་གནང་མཁན་ཞིག་ཀྱང་ཡིན། ཁོང་གིས་རྒྱ་གར་གྱི་ཡུལ་མི་ཚོར་ལྷག་བསམ་ཆེན་པོས་གཟེངས་སུ་འཐོན་པའི་ཞབས་འདེགས་བསྒྲུབས་ཡོད་པར་བརྟེན། རྒྱ་གར་གྱི་ཡུལ་མི་སྤྱི་ལ་དངོས་འབྲེལ་གྱི་གྱོང་གུན་ཕོག་ཡོད། དམ་པ་དེའི་ཆེད་ངས་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད།
བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་གྱུར་བར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གདུང་སེམས་མཉམ་སྐྱེ་གི་གནས་འཕྲིན་ཕུལ་བ།
གསར་གནས།
འབྲེལ་གནས།