༢༠༡༠ ཟླ་ ༡༢ ཚེས་ ༣ རེས་གཟའ་པ་སངས།
༄༅། །རྡ་སར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་འཆར་འགོད་ལས་ཁུངས་ནས་འདི་གར་གནས་ཚུལ་འབྱོར་གསལ། བཙན་བྱོལ་བོད་མི་སྤྱིའི་གནས་སྟངས་རྟོགས་སླད་དང་། རྒྱ་བལ་འབྲུག་གསུམ་ནང་ཡོད་གཞིས་ཆགས་ཁག་གི་ཡར་རྒྱས་རྒྱུན་གནས་ཡོང་ཐབས་ཆེད་མི་འབོར་དང་། དཔལ་འབྱོར། ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་དགོས་གལ་ལ་བརྟེན། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་གཉིས་པ་བྱས་པའི་གྲུབ་འབྲས་སུ་ ༢༠༠༩ བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་དེབ་གཟུགས་སུ་པར་སྐྲུན་ཞུས་ཟིན་པ་དང་བླུ་ཡོན་ཞུ་བློ་ཡོད་རིགས་ནས་བོད་གཞུང་འཆར་འགོད་ལས་ཁུངས་སུ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།