༢༠༡༠ ཟླ་ ༡༡ ཚེས་ ༢༠ རེས་གཟའ་སྤེན་པ།
འདི་གར་བོད་གཞུང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༩ ཉིན་དོན་གཅོད་ཁང་ནས་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་ལ་བཀའ་ཁྲི་སྐབས་གསུམ་པ་དང་། སྤྱི་འཐུས་སྐབས་བཅོ་ལྔ་པའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་བརྡ་ཐོ་ཞིག་བཏང་ཡོད་པའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༠ ཉིན་དངོས་གཞིའི་འོས་བསྡུའི་ལས་དོན་འཐུས་ཚང་ཡོང་སླད་འོས་འདེམས་བྱེད་སའི་ས་གནས་ད་ལྟ་ནས་སྔོན་མངགས་དགོས་པ་དང་། དབུས་འོས་བསྡུ་ལས་ཁང་ནས་བསྐྱར་དུ་དེབ་སྐྱེལ་བྱེད་ཆོག་པའི་བཀའ་འཁྲོལ་དོན་ལྟར། དེབ་སྐྱེལ་བྱེད་མི་གསར་པ་བྱུང་བ་རྣམས་སྔར་ཡོད་དེབ་སྐྱེལ་ཐོ་གཞུང་ནང་གསར་འཇུག་བྱས་ཏེ་དེབ་སྐྱེལ་ཐོ་གཞུང་གསར་པ་ས་གནས་འོས་བསྡུ་ལས་ཁང་དུ་གཏོང་དགོས་པ། དབུས་འོས་བསྡུ་ལས་ཁང་ནས་བསྐྱར་དུ་དེབ་སྐྱེལ་བྱེད་ཆོག་པའི་བཀའ་འཁྲོལ་གནང་བའི་སྐོར་དོན་ཁང་གིས་སྔོན་སོང་གསལ་བསྒྲགས་འབྲུ་དོན་རྣམས་ཁྱབ་ཁོངས་ས་གནས་མང་ཚོགས་ཡོངས་ལ་མ་གོ་མ་ཐོས་མེད་པའི་ཁྱབ་བསྒྲགས་དོ་ནན་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད། བྱང་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་ནས་དབུས་འོས་བསྡུ་ལས་ཁང་གིས་འདི་ཚེས་ ༡༢ ཉིན་ཁྱབ་བསྒྲགས་གནང་བའི་བཀའ་ཁྲི་སྐབས་ ༣ པ་དང་། སྤྱི་འཐུས་སྐབས་ ༡༥ པའི་སྔོན་འགྲོའི་འོས་གཞི་རྣམས་ས་གནས་ཚང་མར་འགྲེམས་སྤེལ་ཟིན་ཡོད་པ་བཅས།།
བོད་གཞུང་ཨ་རིའི་སྐུ་ཚབ་དོན་ཁང་གི་བརྡ་ཐོ།
གསར་གནས།
འབྲེལ་གནས།