༄༅། །བོད་མིའི་སྒྲིག་འཛུགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་དང་འབྲེལ་ཤེས་རིག་ལས་ཁུངས་ནས་གོ་སྟོན་དམིགས་བསལ་ཤེས་ཡོན་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུ་ནི། འདི་ལོ་ནས་རྒྱ་གར་དང་། བལ་ཡུལ། འབྲུག་ནང་ཡོད་བོད་ཕྲུག་གྲངས་ ༡༠ ལ་གོ་སྟོན་དམིགས་བསལ་ཤེས་ཡོན་དང་ཡོངས་ཚུད་ཤེས་ཡོན་ཐོག་གཙུག་ལག་རབ་འབྱམས་དང་། ཉེ་བའི་གཙུག་ལག་རབ་འབྱམས། ཌིབ་ལོ་མ་བཅས་ལ་སློབ་ཡོན་གནང་རྒྱུ་ཡིན། སློབ་ཡོན་གྱི་ལས་གཞི་འདིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེ་དང་འགྲོ་བ་ཀུན་ལ་དམིགས་པའི་ཤེས་ཡོན་གྱི་གོ་སྐབས་གཅིག་མཚུངས་གནང་དགོས་ཀྱི་དགོངས་གཞི་དང་མཐུན་པ། འོ་སྐོལ་སྤྱི་ཚོགས་ནང་དམིགས་བསལ་ཤེས་ཡོན་ཆེད་ལས་པའི་དགོས་མཁོ་ཆེ་རུ་འགྲོ་བཞིན་པར་གདོང་ལེན་གནང་རྒྱུའི་ཆེད་ཡིན། སློབ་ཡོན་འདི་བཞེས་རྒྱུའི་འོས་ཆོས་ཚང་བའི་སྙན་ཞུ་བ་རྣམས་ནས་གཤམ་གསལ་དྲྭ་ཐག་བརྒྱུད་སྙན་ཞུ་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣༠ མཚན་མོའི་ཆུ་ཚོད་ ༡༡།༥༩ གོང་སྙན་ཞུ་ཕུལ་ཟིན་པ་དགོས།
དྲྭ་ལམ་སྦྲེལ་ཐག https://forms.gle/QYGvTwejQK9UdfPJ9
སློབ་ཚན།
དམིགས་བསལ་ཤེས་ཡོན་དང་ཡོངས་ཚུད་ཤེས་ཡོན། ༼Special Education/Inclusive Education༽
སློབ་ཡོན་ཚད་གཞི་དང་སློབ་ཡོན་གྲངས།
༡༽ གཙུག་ལག་རབ་འབྱམས་ལ་ས་མིག་ ༢ དང་ལོ་རེར་སྒོར་ ༡༠༠༠༠༠།
༢༽ ཉེ་བའི་གཙུག་ལག་རབ་འབྱམས་ལ་ས་མིག་ ༣ དང་ལོ་རེར་སྒོར་ ༡༧༥༠༠༠།
༣༽ ལོ་གཅིག་ཌིབ་ལོ་མ་ལ་ས་མིག་ ༥ དང་ལོ་རེར་སྒོར་ ༧༥༠༠༠།
སློབ་ཡོན་མུ་མཐུད་འཐོབ་པར་སློབ་ཕྲུག་སོ་སའི་ཡིག་རྒྱུགས་གྲུབ་འབྲས་ཀྱི་ཕྱོགས་བསྡོམས་བརྒྱ་ཆ་ ༦༠ ཡན་ལོན་དགོས།
སློབ་ཡོན་འདེམ་སྒྲུག་བརྒྱུད་རིམ། སློབ་ཡོན་འདེམས་སྒྲུག་ཆེད་ངག་རྒྱུགས་བཞེས་རྒྱུ།
སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།
༡༽ འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པ་གང་ཞིག་དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ ༢༠༢༤ བར་གཙང་འབུལ་ཟིན་པ་དང་། ཞིབ་གནས་འགེང་ཤོག་ཀ་པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་ཀྱི་གནས་ཡུལ་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས།
༢༽ སློབ་ཡོན་འདིའི་འོས་ཆོས་ཚང་བར་ཉེ་བའི་གཙུག་ལག་རབ་འབྱམས་ཆེད་འཛིན་རིམ་བཅུ་གཉིས་ཐོན་པ་དང་། གཙུག་ལག་རབ་འབྱམས་དང་ཌིབ་ལོ་མ་ཆེད་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་ཞིག་དགོས།
༣༽ ཡིག་རྒྱུགས་ཀྱི་ཨང་ཐོབ་ཤོག་ལྷེ་དང་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས།
༤༽ རང་ཉིད་ཀྱི་ཞུ་སྙན་ཆེད་རྩོམ་ (Personal Statement) ཤོག་གྲངས་གཅིག་ལས་མ་ཉུང་བའི་ནང་དམིགས་བསལ་ཤེས་ཡོན་སློབ་སྦྱོང་འདེམ་དགོས་པའི་རྒྱུ་མཚན་ནམ་སེམས་ཤུགས་བྱུང་རིམ་སྐོར་འགྲེལ་བརྗོད་གནང་དགོས།
༥༽ རང་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་ (Resume) འབུལ་དགོས།
ཆ་རྐྱེན་འཕར་མ། སློབ་ཡོན་ཐོབ་པའི་སློབ་ཕྲུག་རྣམས་ནས་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་འོག་དགོས་མཁོ་བྱུང་ཚེ་ཉུང་མཐར་ལོ་གཉིས་རིང་ཆོད་གན་ཐོག་ཞབས་ཞུ་སྒྲུབ་དགོས་པའི་གཉིས་མོས་གན་ཡིག་འཇོག་རྒྱུ།
ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༤ ལ།
འབྲེལ་གཏུག་བྱ་ཡུལ། བསོད་ནམས་བཟང་མོ། [email protected]
བློ་བཟང་དར་རྒྱས། [email protected] ༩༨༠༥༦༨༨༤༡༤
Department of Education, CTA
GangchenKyishong
Dharamsala – 176 215
Dist. Kangra, Himachal Pradesh, India
Website: www.sherig.org/www.lamton.org