༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཏུ་ལས་དྲུང་གནས་ (Office Assistant) རིམ་ཅན་གྱི་ལས་བྱེད་ ༡ ༼གཅིག༽ བལ་ཡུལ་གནས་སྡོད་བོད་མི་ཞིག་གསར་འདེམས་ཞུ་གཏན་འཁེལ་བས། གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༣༠ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་འཚང་སྙན་འགེངས་ཤོག་དྲྭ་ཐོག་ (online) འབུལ་ཟིན་པ་དགོས། རྒྱུགས་གཞི་བོད་ཨིན་གཉིས་ཀྱི་སྐད་ཡིག་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ། ཡིག་རྒྱུགས་འཕྲོད་པར་རྒྱུགས་གཞི་སོ་སོར་འབྲི་ངག་གཉིས་བསྡོམས་པའི་ཉུང་མཐར་བརྒྱ་ཆ་ ༥༠ ཐམ་པ་ལོན་དགོས་པ་ཡིན།
འདེམས་རྒྱུགས་སུ་ཞུགས་པར་གཞི་རྩའི་ཆ་རྐྱེན་ཚང་དགོས་པ་གཤམ་གསལ།
༡། ཚད་ལྡན་མཐོ་སློབ་ཁང་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (Bachelor’sDegree & Marks Card) ཐོན་པའམ། ཡང་ན་དེ་དང་མཉམ་པའི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ངོས་ལེན་རྩ་འཛིན་འཕེར་བའི་ཤེས་ཚད་ལག་འཁྱེར་ཡོད་པ་དགོས།
༢། ཕྱི་ལོ་ ༢༠༢༥།༤།༣༠ ཉིན་རང་ལོ་ ༡༨ ལས་མི་ཉུང་ཞིང་ ༤༢ ལས་མ་བརྒལ་བ་དགོས།
༣། བོད་མིའི་དྭང་བླངས་དཔྱ་དངུལ་འབུལ་ཆད་མེད་པ།
༤། ཁྲིམས་མཐུན་གནས་སྡོད་ཆོག་པའི་ཡིག་ཆ་ཡོད་པ།
གཞི་རྩའི་ཆ་རྐྱེན་ལྡན་རིགས་ནས་མཉམ་འབུལ་དགོས་པའི་ཡིག་ཆ་ཁག
ཀ། དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
ཁ། ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
ག ། བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པ་དང་། གཟུགས་བབ་ལས་འཕེར་ཡིན་སྐོར་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
ང་། རང་ཉིད་སྡེ་ཚན་གང་རུང་དུ་ལས་ཀ་བྱ་མུས་ཡིན་ཚེ་འབྲེལ་ཡོད་འགོ་འཛིན་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ་དགོས།
ཅ། འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
ཆ། ཁྲིམས་མཐུན་གནས་སྡོད་ཆོག་པའི་ངོ་བཤུས།
འཚང་སྙན་འབུལ་མཁན་རྣམས་ནས་ (tibet.net) འམ་ (dhemkolhenkhang.net) དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༣༠ ཕྱི་དྲོ་ཕྱག་ཚོད་ ༥ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་གཏོང་རྒྱུ་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༥ ཟླ་ ༣ ཚེས་ ༣༡ ལ།།
འགེངས་ཤོག་དྲྭ་མཐུད། ༼Online Application Form༽
https://forms.gle/TGyeAKT9qB2ninhKA
Contact address & email :
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail:[email protected]