༄༅། །སྦིར་བོད་ཚོགས་ས་གནས་འོས་བསྡུ་འགན་འཛིན་དང་ས་གནས་འགོ་འཛིན་གཅིག་ལྕོགས་ཀྱིས་ཐུགས་འཁུར་འོག་ས་གནས་འཐུས་ཚོགས་སྐབས་ ༡༡ པའི་ཚབ་གསར་ཚོགས་གཙོ་ཚོགས་གཞོན་གཉིས་གཙོས་པའི་ས་འཐུས་གཞན་རྣམས་སྦིར་ས་གནས་ལས་ཁུངས་ཀྱི་ཚོགས་ཁང་དུ་སྔ་དྲོའི་ཚོུད་ ༡༠།༡༦ ཐོག་ཚང་འཛོམས་ཀྱིས། སྐབས་ ༡༡ པའི་ས་འཐུས་ཚབ་གསར་ཚོགས་གཙོ་ཚེ་དབང་རབ་རྒྱལ་ལགས་དང་། ཚོགས་གཞོན་ཨ་སྦོ་མཁྱེན་བརྩེ་ཤེས་རབ་ལགས་གཉིས་ནས་རིམ་པའི་བཞིན་དྲྭ་སྣང་བརྒྱུད་ (virtual) བརྒྱུད་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས་ཀྱི་མདུན་དུ་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་གནང་འདུག
གོང་གསལ་དམ་འབུལ་གྱི་མཛད་སྒོ་འགོ་མ་འཛུགས་གོང་། ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས་ནས་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ཞུས་རྗེས། ཚོགས་བཅར་བ་རྣམས་ལ་ས་འཐུས་དམ་འབུལ་དང་འབྲེལ་བའི་བཅའ་ཁྲིམས་དང་། འོས་བསྡུ་སྒྲིག་གཞིའི་དོན་ཚན་ཁག་ཅིག་བཅས་ངོ་སྤྲོད་གནང་འདུག་པ་བཅས།།