༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབར་མའི་ནང་ས་ཡོམ་ཤུགས་ཆེ་བརྒྱབ་སྟེ་མིའི་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཐུགས་ཕམ་དང་སྦྲགས། ཡུལ་དེའི་མང་ཚོགས་ལ་ཐུགས་གསོ་མཛད་ཡོད།
དེ་ཡང་ཐུགས་གསོའི་གསུང་འཕྲིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་འགུལ་གྱི་གོད་ཆག་དེའི་འོག་ཚེ་སྲོག་ཤོར་བའི་ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་དང་འབྲེལ་འབར་མ་དང་ཁྱིམ་མཚེས་རྒྱལ་ཁབ་ཐའེ་ལེནྜ་ལྟ་བུའི་རྒྱལ་ཁབ་ཁག་ཏུ་གནོད་སྐྱོན་ཕོག་པར་ཐུགས་སྨོན་མཛད་འདུག
གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཁག་དང་། རྒྱ་གར་གཙོས་པའི་རྒྱལ་ཁབ་གཞན་ཁག་ནས་ས་ཡོམ་གྱི་གནོད་འཚེ་འཕོག་ཡུལ་དུ་ཛ་དྲག་མྱུར་སྐྱོབ་ཀྱི་མཐུན་འགྱུར་རམ་འདེགས་གནང་བཞིན་པ་ནི་སེམས་འགུལ་ཐེབས་པ་ཞིག་ཡིན་ཞེས་དང་། ཐེངས་འདིར་གནོད་འཚེ་འཕོག་ཡུལ་འབར་མའི་མང་ཚོགས་ལ་གདུང་སེམས་མཉམ་སྐྱེད་དང་། དཀའ་སེལ་རོགས་སྐྱོར་ཆེད་གང་ཉིད་ནས་དགའ་ལྡན་ཕོ་བྲང་དགེ་རྩ་བརྒྱུད་ཞལ་འདེབས་གསོལ་སྩལ་གནང་རྒྱུ་ཡིན་ཞེས་བཀའ་སྩལ་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབར་མའི་ནང་ས་འགུལ་གྱི་གོད་ཆག་བྱུང་བར་ཐུགས་གསོ་མཛད་པ།
གསར་གནས།

འབྲེལ་གནས།