
དེ་རྗེས་རི་པཔ་ལིཀི་ (Place de la Repubique) ནས་ཞི་བའི་གོམ་བགྲོད་འགོ་འཛུགས་ཀྱི་གྲོང་ཁྱེར་སྦ་སི་ཏི་( Bastille) བར་ཆུ་ཚོད་གཅིག་ཙམ་གོམ་བགྲོད་ཞུ་རྗེས་མི་མང་ལྷན་འཛོམས་ཀྱི་སྐད་འབོད་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་དང་། ཚོགས་སྡེ་ཁག་དྲུག་གི་ཚོགས་གཙོ་རྣམ་པས་དུས་དྲན་དང་འབྲེལ་གསུང་བཤད་གནང་རྗེས་དྲུང་ཆེ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་མཐར་བདེན་ཚིག་སྨོན་ལམ་གསུང་འདོན་གནང་སྟེ་དུས་དྲན་ལེགས་གྲུབ་བྱུང་བ་དང་། སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་། ཡུལ་མི་སྒེར་དང་བཅས་ཁྱོན་མི་མང་༨༠༠ ཙམ་མཉམ་བཞུགས་གནང་འདུག
གཞན་ཡང་ཟླ་ཚེས་ ༧ ཉིན་ཏུ་ལུ་སུ་ (Toulouse) བོད་རིགས་ཚོགས་པའི་ཚོགས་གཙོ་དགེ་བཤེས་བློ་ལྡན་ལགས་གཙོས་པའི་ཚོགས་མི་རྣམས་ད ང་། རྡ་ོརྗེ་རྣལ་འབྱོར་མའི་ཆོས་ཚོགས། ནཱ་ལེནྡྲའི་དགོན་པ་བཅས་ཐུན་མོང་ནས་བོད་དོན་རྒྱབ་སྐྱོར་ཆེད་འབོ ད་སྐུལ་ཞུ་བ་བཞིན། ས་གནས་ལ༌ཝོར་ (Lavaur) གྱི་རྫོང་དཔོན་བྷར་ན་ཌི་ཀ་ར་ཡོན་ (Mr.Bernard Carayon) ལགས་ཀྱིས་དོ་སྣང་ཆེན་པོའི་ངང་དང་ལེན་གྱི་གོང་ཚེས་ཉིན་རྫོང་དཔོན་གཙོས་པའི་ས་གནས་ཀྱི་འགོ་ཁྲིད་རྣམས་ལྷན་བཅར་གྱི་རྫོང་དཔོན་ལས་ཁུངས་སུ་བོད་ཀྱི་རྒྱལ་དར་འཕྱར་ཏེ་དུས་དྲན་སྲུང་བརྩི་ཐུབ་པ་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་ནས་བོད་དོན་ངོ་སྤྲོད་ཞུ་ཐུབ་པ་བྱུང་ཡོད། ཕྱི་ཚེས་ ༡༠ ཉིན་བསྐྱར་དུ་བོད་རིགས་ཚོགས་པ་དང་ཚོགས་པ་གཞན་ཁག་མཉམ་རུབ་ཀྱི་གྲོང་སྡེ་ནང་གསུམ་བཅུ་དུས་དྲན་སྲུང་བརྩི་ཞུས་ཏེ་དཔལ་ལྡན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་ཕ་རཱན་སིའི་སྐད་ཐོག་སྒྲོགས་སྦྱང་ཞུས་ཡོད།
དེ་བཞིན་ཕ་རན་སིའི་ས་གནས་ལི་ལིའི་ (Lille) ཉེ་འགྲམ་ Sant Genes Champanelle དུ་ Auvergne Mainpat Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་རྐང་འགན་བཞེས་ཏེ་གཡས་གཡོན་བོད་རིགས་རྣམས་ལྷན་འཛོམས་ཀྱི་རྫོང་དཔོན་ལས་ཁུངས་སུ་བོད་ཀྱི་རྒྱལ་དར་གཞུང་འབྲེལ་འཕྱར་ནས་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད།
ཕྱོགས་མཚུངས་ས་གནས་སི་ཌ་སི་སྦག་ (Strasbourg) དང་ཨ་མི་ཡ་ (Amien) སོགས་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མཉམ་རུབ་ཀྱི་གསུམ་བཅུའི་དུས་དྲན་ཉིན་རྒྱ་མིའི་གཞུང་ཚབ་གཡས་གཡོན་སྐད་འབད་དང་། དུས་དྲན་སྲུང་བརྩི་ཞུ་ཐུབ་པ་བྱུང་ཡོད་པ་བཅས། །