༄༅། །རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཻ་ར་བཱ་ (Hemraj Bairwa) ལགས་ཀྱིས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་ཞུ་ཆེད་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱི་སྡོད་གནས་སུ་ཆེད་ཕེབས་གནང་ཡོད།
དེ་ཡང་མཇལ་མོལ་སྐབས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཻ་ར་བཱ་ལགས་ལ་བོད་མིའི་དཀའ་སེལ་སླད་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་འབྲེལ་བོད་ཀྱི་ཟློས་གར་ཁུལ་དུ་ལམ་གཞུང་གློག་སྒྲོན་བཟང་དུ་གཏོང་དགོས་པ་དང་། དེ་བཞིན་གཞུང་ལམ་ཁག་ལ་གནོད་སྐྱོན་ཚབས་ཆེ་བྱུང་ཡོད་པའི་གནད་དོན་ཁག་གཅིག་སྐོར་ཞུས་ཡོད་པར་རྫོང་དཔོན་གྱིས་དཀའ་ངལ་དེ་དག་སེལ་ཐབས་གནང་རྒྱུའི་ཞལ་བཞེས་གནང་ཡོད།
དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་ས་གནས་ཡུལ་མི་དང་བོད་མིའི་དབར་མཐུན་ལམ་གོང་འཕེལ་སླད་འབད་བརྩོན་གནང་བར་བསྔགས་བརྗོད་མཚོན་ཆེད་རྫོང་དཔོན་གྱིས་ཁོང་ལ་ཕྱི་ལོ་སྔོན་མའི་ཟླ་དགུ་པར་ཕྱག་བྲིས་ཤིག་གནང་ཡོད་པ་བཅས།།