༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༩ དང་ ༢༠ ཉིན་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་བསྟན་འཛིན་ལེགས་བཤད་དང་། ས་གནས་འགོ་འཛིན་གསར་པ་སྐལ་བཟང་ཚེ་བརྟན་ལགས་དབར་ལས་འགན་རྩིས་སྤྲོད་རྩིས་ལེན་གནང་ཡོད། རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ཆེད་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་སྒང་ཏོག་ས་གནས་འགོ་འཛིན་དོན་གྲུབ་བཟང་པོ་ལགས་ཀྱིས་སྤྲོད་དཔང་གནང་ཡོད།
དེ་ཡང་ས་གནས་འགོ་འཛིན་གསར་རྙིང་གཉིས་ནས་མང་ཚོགས་ལ་གསུང་བཤད་དང་། དེ་བཞིན་རྫོང་དཔོན་སོགས་དང་མཇལ་འཕྲད་གནང་ཡོད་པ་བཅས། །