༄༅། །དཔལ་ལྡན་བཀའ་ཤག་ལྷན་ཚོགས་ཐེངས་ ༡༧༥ ཐོག་བཀའ་བསྡུར་གནང་དོན་དུ། འདི་ལོའི་ཕྱི་ཟླ་དང་པོའི་ཟླ་འགོར་དིང་རི་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་ཁག་ཏུ་ས་ཡོམ་རྐྱེན་པས་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེ་བྱུང་ཡོད་པ་མཁྱེན་གསལ་ལྟར། བོད་མི་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་སྐབས་མི་ཚོགས་འདུ་འཛོམས་གནང་སྟེ་གཞས་སྣ་འཁྲབ་སྟོན་སོགས་དགའ་སྤྲོའི་རྣམ་པ་ཤུགས་ཆེ་མ་གནང་རོགས་ཞེས་འབོད་སྐུལ་ཡོངས་ཁྱབ་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༤ ལ།།