༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༡ ཉིན་ཁམས་ཀཿཐོག་ས་གནས་འགོ་འཛིན་བསྟན་འཛིན་རིན་ཆེན་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་ཨོ་ཤོད་ཨོ་རྒྱན་ཆོས་སྒྲོན་ལགས་དབར་རྩིས་སྤྲོད་རྩིས་ལེན་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་སྤྲོད་དཔང་གཟིགས་ཞིབ་འོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ཡོད་པའི་ཅ་དངོས་ཇི་ཡོད་དང་། ཡིག་ཕེལ་རྩིས་སྤྲོད་ལེགས་པར་གྲུབ་པར་གྲུབ་རྗེས་ས་གནས་འགོ་འཛིན་ཞབས་སྟེགས་བརྗེ་ལེན་སྐབས་ས་འཐུས་ཚོགས་གཙོ་མཆོག་དང་། ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་ཞབས་བཅས་ཚང་འཛོམས་ཐོག་འགོ་འཛིན་གསར་རྙིང་གཉིས་ལ་དཀར་གཙང་གི་མཇལ་དར་སྒྲོན་འབུལ་ཞུས་རྗེས་ལས་འཁྱུར་ས་གནས་འགོ་འཛིན་བསྟན་འཛིན་རིན་ཆེན་ལགས་དང་། ས་གནས་འགོ་འཛིན་གསར་པ་ཨོ་ཤོད་ཨོ་རྒྱན་ཆོས་སྒྲོན་ལགས། ས་འཐུས་ཚོགས་གཙོ་ཀུན་དགའ་ཚེ་འཕེལ་ལགས། ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ནས་མང་ཚོགས་འདུ་འཛོམས་ཐོག་མི་མང་ལ་ངོ་སྤྲོད་གསུང་བཤད་བཅས་རྩིས་སྤྲོད་ལེགས་གྲུབ་གནང་ཡོད། །