༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་དང་། སྐབས་དེར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཀྱང་ས་གནས་སུ་ཡོད་པ་དང་བསྟུན་གདུང་སེམས་མཉམ་སྐྱེད་ཞུས་པ་མ་ཟད། ཕྱི་ཉིན་ཏེ་ཕྱི་ཚེས་ ༩ ཉིན་ཞིང་གཤེགས་བཀའ་ཁྲི་ཟུར་པ་མཆོག་གི་སྐུ་ཕུང་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་ཀྱི་རྒྱལ་དར་སྒྲོན་གནང་ཡོད། སྐབས་དེར་ཀ་སྦུག་ས་གནས་འགོ་འཛིན་ཚེ་བརྟན་ལགས་དང་བདེ་སྲུང་ཟུང་དྲུང་འཇིགས་མེད་རྒྱ་མཚོ་ལགས་ལྷན་བཅར་ཞུས་ཡོད། ཕྱི་ཚེས་ ༡༡ ཉིན་ཞིང་གཤེགས་བཀའ་ཁྲི་ཟུར་པ་མཆོག་གི་སྐུ་ཕུང་ཞུགས་འབུལ་གནང་གཏན་ཁེལ་འདུག་པ་བཅས།།