
དེ་བཞིན་ཨོ་གླིང་ས་གནས་སིཌ་ཎི་དང། མེལ་སྦོན། ཁུན་སི་ལེཌ། རི་སྔོན་པོ། གནས་མཁའ་གསར། ཁེན་སྦེལ་ཀྲོན་བཅས་སུ་ས་གནས་སོ་སོའི་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་མི་མང་འདུ་འཛོམས་ཀྱིས་མཆོད་འབུལ་ལམ་རྒྱ་ཆེ་གནང་ཡོད། གཞན་ཡང་ནིའུ་ཛི་ལེནྜ་ས་གནས་ཨོག་ལེན་ཌེ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་བོད་མི་དང་ཆོས་ཚོགས་ཁག་གི་སློབ་མ་རྣམས་ནས་དཔལ་སྤུངས་ཆོས་ཚོགས་སུ་སྨོན་ལམ་གསུང་འདོན་གནང་ཡོད་པ་བཅས།།