༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་ནས་འདས་པའི་ཉིན་གྲངས་དྲུག་རིང་རྒྱལ་ས་ལྡི་ལི་དང་། ཡུ་པིའི་མངའ་ཁོངས་ཀྱི་བོད་མིའི་སུད་ཚོང་ས་གནས་ཁག་ཅིག་ལ་གཟིགས་སྐོར་གནང་རྗེས། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༧ ཉིན་བོད་སྒར་བསམ་ཡས་གླིང་དང་། ལ་དྭགས་བྷོ་དྷི་སྦི་ཧར་བཅས་སུ་གཟིགས་སྐོར་དང་། མི་མང་ཚོགས་འདུ་བཅས་བསྐྱངས་ཏེ། ཐེངས་འདིའི་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ལྡི་ལི་དང་། ཡུ་པི་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་ཀྱིས་མཇུག་བསྒྲིལ་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།