༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༢༩ དང་ ༣༠ བཅས་ཉིན་གྲངས་གཉིས་རིང་ལ་དྭགས་བསོད་ནམས་གླིང་བོད་མི
དེ་ཡང་ལ་དྭགས་བསོད་ནམས་གླིང་གི་ལ་སྤྱི་གསར་རྙིང་དབར་ཡིག་ཆ་རྩིས་ལེན་རྩིས་སྤྲོད་ཀྱི་ལས་རིམ་ཆ་ཚང་ལེགས་པར་གྲུབ་སྟེ་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༣༡ རེས་གཟའ་པ་སངས་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་ལ་སྤྱི་ལས་ཁུངས་སུ་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤྲོད་དཔང་དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ ལགས་དབུ་བཞུགས་ཐོག་ས་གནས་ཀྱི་གནད་ཡོད་མི་སྣ་ཚང་འཛོམས་ཐོག་ལ་སྤྱི་གསར་རྙིང་དབར་ཞབས་སྟེགས་བརྗེ་ལེན་གྱི་མཛད་སྒོ་གནང་བ་དང་། སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དབུ་བཞུགས་ཀྱིས་མི་མང་ཚོགས་ཆེན་བསྐོང་ཚོགས་གནང་ཡོད། །