༄༅། །ལ་དྭགས་བསོད་ནམས་གླིང་ཁྱབ་ཁོངས་བྱང་ཐང་མ་ཁྱུ་དང་། ཆུ་ཤུལ་དུད་ཚང་ཁག་ཅིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་རོགས་དངུལ་བརྒྱ་ཆ་གཏན་འབེབས་ལྟར་སྡོད་ཁང་གསར་རྒྱག་གི་ལས་གཞི་མཐུན་འགྱུར་གནང་ཡོད་ཅིང་། རྩིས་ལོ་འདིའི་ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་རོགས་དངུལ་བརྒྱ་ཆ་ ༡༠༠ མཐུན་འགྱུར་འོག་མ་ཁྱུ་དང་། ཆུ་ཤུལ་སྒྲིག་ཁོངས་ཀྱི་དུད་ཚང་ཉམ་ཐག་གྲངས་ ༢༧ རྣམས་ལ་སྡོད་ཁང་གསར་རྒྱག་གི་ལས་གཞི་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོར་ཕྱི་ལོ་ ༢༠༢༥ ཟླ་ ༠༡ ཚེས་ ༢༩ སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ལགས་རྣམ་གཉིས་ཆེད་ཕེབས་ཀྱིས་དབུ་འབྱེད་གནང་ཡོད། སྐབས་དེར་ས་གནས་ཀྱི་གནད་ཡོད་མི་སྣ་དང་། བརྒྱ་དཔོན། ས་གནས་ལས་འཆར་ཚོགས་ཆུང་གི་ཚོགས་མི་རྣམ་པ། གཞན་ཡང་ལ་སྤྱི་ལས་ཁུངས་ཀྱི་ལས་བྱེད་རྣམས་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད། །
གསར་གནས།
འབྲེལ་གནས།