༄༅། །དཔལ་ལྡན་བཀའ་དྲུང་ཡིག་ཚང་གི་བཀའ་འབྲེལ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༠༡ ཚེས་ ༠༧ ཉིན་གྱི་ཞོགས་པ་བོད་ཀྱི་སྟོད་དིང་རི་ས་ཁུལ་གྱིས་གཙོས་ས་གནས་ཁག་འགའ་ཤས་ལ་ས་ཡོམ་ཤུགས་ཚད་རིམ་པ་ ༧.༡ བརྒྱབ་སྟེ་མི་རྒྱུ་ཕྱུགས་གསུམ་ལ་གོད་ཆགས་ཧ་ཅང་ཆེན་པོ་བྱུང་ཡོད་པར། ས་ཡོམ་གྱི་འཇིགས་པའི་ཁྲོད་གསོན་པོར་གནས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། ཚེ་སྲོག་ཤོར་བ་རྣམས་ལ་མྱང་ངན་གུས་འདུད་མཚོན་སླད། བཙན་བྱོལ་ནང་གནས་འཁོད་བོད་མི་རྣམས་ནས་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་མཚོན་ཕྱིར། བདུན་རེའི་ལྷག་དཀར་སྐོར་བྲོ་འཁྲབ་མཚམས་བཞག་ཡོད་པ་ལྟར། མུ་མཐུད་ཞག་ཞེ་དགུ་མ་འཁོར་བར་ལྷག་དཀར་སྐོར་བྲོ་མཚམས་འཇོག་ཡོང་བའི་འབོད་བསྐུལ་གསལ་བསྒྲགས་སུ། ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༥ ཟླ་ ༠༡ ཚེས་ ༢༩ ལ།།
གསར་གནས།
འབྲེལ་གནས།