༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་ལྡི་ལི་ས་གནས་འགོ་འཛིན་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ཏུ་གཞུང་འབྲེལ་ས་བགོས་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ པོའི་ཚེས་ ༡༦ ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ལྡི་ལི་རྡུ་ཝར་ཀ་ (Dwarka) སུད་ཚོང་ས་གནས་སུ་ཆེད་ཕེབས་ཀྱིས་བོད་མི་སུད་ཚོང་བ་རྣམས་ཐུག་འཕྲད་དང་། ས་གནས་སུད་ཚོང་བའི་བདེ་སྡུག་གནས་སྟངས་ཐོག་གཟིགས་ཞིབ་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།