༄༅། །འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩ པ་ཙམ་ལ་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་བོད་ཀྱི་སྟོད་དིང་རི་ཁུལ་གཙོས་པའི་ས་གནས་འགའ་ཤས་ནང་མི་རྒྱུ་ཟོག་གསུམ་ལ་གོད་ཆག་ཚབ་ཆེན་བྱུང་སྟེ་མི་གྲངས་ ༡༢༩ ལྷག་འཆི་སྐྱོན་དང་། མི་གྲངས་ ༡༨༨ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད་འདུག ས་ཡོམ་གྱི་གོད་ཆག་ཕོག་པའི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་སིམ་ལར་རྟེན་གཞི་བྱས་པའི་སྔ་འགྱུར་ཐུབ་བསྟན་རྡོ་རྗེ་བྲག་དགོན་པས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༨ སྔ་དྲོ་པར་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་དང་། དེ་བཞིན་ཉིན་རྒྱབ་ཏུ་སིམ་ལ་སྤྱི་ཁྱབ་ལས་ཁུངས་གཙོས་པའི་ས་གནས་མི་མང་རྣམས་ནས་ཀྱང་གདུུང་སེམས་མཉམ་སྐྱེད་མཚོན་ཆེད་མཆོད་འབུལ་སྨོན་ལམ་ཚོགས་ཡོད། །
གསར་གནས།
འབྲེལ་གནས།