༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་སུད་སི་ཇི་ནི་ཝའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་ལས་བྱེད་རྣམས་པ། དེ་བཞིན་ཇི་ནི་ཝའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུར་བུ་ཚེ་རིང་ལགས་དང་། ཚོགས་མི་རྣམ་པ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
ཉིན་རྒྱབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། སུད་སི་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་རྣམ་གཉིས་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་ཚོགས་ཆུང་ཇི་ནི་ཝའི་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་གནང་ཡོད་པ་དང་། སྐབས་དེར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་སློབ་ཕྲུག་དང་ཕ་མ་མཇལ་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་བཅས། །