
དེ་རྗེས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་མ་རི་ཊིམ་ (Maritim Hotel) གསོལ་མགྲོན་ཁང་དུ་འཇར་མན་རང་དབང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཊིན་ཧེ་གན་ (Mr.Martin Hagen) ལགས་དང་མཇལ་འཕྲད་ཀྱིས་འབྲེལ་ལམ་གསར་པ་ཞིག་འཛུགས་ཐུབ་པ་བྱུང་ཡོད་པ་དང་། དེ་རྗེས་བཀའ་བློན་མཆོག་འཇར་མ་ནི་ས་གནས་ (Stuttgart) དུ་ཕེབས་ནས་ཐེངས་འདིར་འཇར་མན་རང་དབང་མང་གཙོ་ཚོགས་པའི་ (FDP) གྲོས་ཚོགས་འཐུས་མི་ལྕམ་སྐུ་རེ་ན་ཊ་ཨལཊ་ (Renata Alt) ལགས་དང་མཇལ་འཕྲད་ཀྱིས་འབྲེལ་ལམ་གསར་འཛུགས་ཐུབ་པ་བྱུང་འདུག ལྕམ་སྐུ་ཁོང་དགུང་ལོ་ཆུང་ཞིང་། འཇར་མན་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་གྱི་འགན་ཁུར་བཞེས་བཞིན་ཡོད་པ་དང་བཅས། །