༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༨ ཕྱི་དྲོ་ཆུ་ཚོད་ ༤ ནས་ ༦ བར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཐའེ་སྡོད་བོད་རིགས་ཚོགས་པ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་འོག་ཉེ་ལམ་བོད་དིང་རི་རྫོང་གཙོས་པའི་ངམ་རིང་། ལྷ་རྩེ། ས་སྐྱ། གཏིང་སྐྱེད། གཞིས་རྩེ་སོགས་གཡས་གཡོན་གྱི་ས་ཁུལ་ཁག་ཏུ་ས་ཡོམ་འགུལ་ཚད་ ༦.༩ བརྒྱབ་སྟེ་མི་ཟོག་རྒྱུ་གསུམ་ལ་སྐྱོན་ཆག་ཆེན་པོ་བྱུང་བར་གདུང་སེམས་ཉམས་སྐྱེས་ཆེད་ཐའེ་ཝན་དོན་གཅོད་ལས་ཁུངས་ཀྱི་ཆོས་ཁང་དུ་ཐའེ་ཝན་གནས་ཞུགས་སེར་སྐྱ་མི་མང་བསྡུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་དང་། མ་ཎི་ཡིག་དྲུག་བཅས་གསོག་སྒྲུབ་ཞུས་གནང་ཡོད། །
གསར་གནས།
འབྲེལ་གནས།