༄༅། །བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་སྐོར་གསར་འགོད་གསལ་བསྒྲགས།
༡། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ པ་འདི་བཞིན་སང་ཉིན་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ DC དུ་ཚོགས་ཀྱི་ཡོད། ཚོགས་འདུ་ཚོགས་ཡུལ་ནི། ཨ་རིའི་རྒྱལ་ཁབ་མང་གཙོ་ཐེབས་རྩ་ཁང་ (NED) གི་ཚོགས་ཁང་དུ་ཡིན་ཞིང་། ཚོགས་ཁང་གི་ཁ་བྱང་འདི་ཡིན།
1201 PENNSYLVANIA AVE, NW, SUITE 1100, WASHINGTON, DC 20004
༢། ཚོགས་ཆེན་གྲ་སྒྲིག་བྱེད་མཁན་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ཡིན་ཞིང་། སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ནས་ཚོགས་ཆེན་གཙོ་སྐྱོང་གནང་གི་ཡོད།
༣། ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་ཀྱི་ཡོད། ཚོགས་ཆེན་ལ་ད་དུང་བྱང་ཨ་རིའི་སྤྱི་འཐུས་གཉིས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཕེབས་ཀྱི་ཡོད།
༤། བྱང་ཨ་མེ་རི་ཀར་མཚོན་ན། བོད་རིགས་སྤྱི་མཐུན་ཚོགས་པ་ནི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་དོན་ལ་གཞོགས་འདེགས་བྱེད་མཁན་ནུས་པ་གཙོ་བོ་དེ་ཡིན། ཨ་རིར་བོད་རིགས་སྤྱི་མཐུན་ཚོགས་པ་ ༢༩ དང་། ཁེ་ན་ཊར་ ༧ བཅས་དེང་སྐབས་བྱང་ཨ་རིར་བོད་རིགས་སྤྱི་མཐུན་ཚོགས་པ་ཆེ་འབྲིང་ཆུང་གསུམ་བསྡོམས་ ༣༦ ཡོད། བོད་རིགས་སྤྱི་མཐུན་ཚོགས་པ་དེ་དག་གཞི་རྒྱ་ཆེ་ཆུང་དང་། སོ་སོའི་གནས་སྟངས་མི་འདྲ་ཡང་། མ་འོངས་བོད་ཀྱི་སོན་རྩ་ཡིན་པའི་གཞོན་སྐྱེས་རྣམས་ལ་བོད་སྐད་བོད་ཡིག་སློབ་ཁྲིད་བྱེད་རྒྱུ་དང་། ཁོང་ཚོའི་རྒྱུད་ལ་འཚེ་བ་མེད་ཅིང་བྱམས་བརྩེའི་རང་བཞིན་གྱི་བོད་ཀྱི་རིག་གཞུང་གི་ཞག་རྩི་འཇགས་པ་བྱེད་རྒྱུ། བོད་དོན་ཞུ་གཏུག་བྱེད་རྒྱུ་བཅས་ཀྱིས་མཚོན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་དོན་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད། བོད་རིགས་སྤྱི་མཐུན་ཚོགས་ཆེ་ཆུང་བསྡོམས་ ༣༦ ཡོད་ཁོངས་ནས་ཐེངས་འདིའི་ཚོགས་ཆེན་ལ་ས་གནས་ཁག་ ༢༦ ནས་ཚོགས་བཅར་བ་ལྔ་བཅུ་ལྷག་ཚོགས་ཆེན་ལ་ཕེབས་ཀྱི་ཡོད།
༥། བོད་མིའི་སྒྲིག་འཛུགས་ནས་དུས་སང་ཕྱི་ཟླ་ ༧ པ་ནས་བཟུང་ལོ་འཁོར་མོ་བྱམས་བརྩེའི་ལོ་གཏན་འཁེལ་གནང་སྟེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་དགུ་བཅུར་ཕེབས་པའི་དགུ་སྟོན་སྲུང་བརྩི་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་ལྟར། སང་ཉིན་ཚོགས་ཆེན་ཉིན་དང་པོའི་དུས་ཚོད་དང་བསྟུན་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་པ་མཚོན་པའི་སྐུ་པར་འགྲེམས་སྟོན་བྱས་སྟེ། སྔོན་འགྲོའི་དགུ་སྟོན་སྲུང་བརྩི་མཚོན་པ་བྱེད་རྒྱུ་ཡིན།
༦། སྔོན་འཆར་བྱས་ན། ཚོགས་ཆེན་ཐེངས་ ༢༢ དེ་ཕྱི་ཟླ་ ༨ པའི་ཟླ་མཇུག་ཏུ་སན་ཕི་རན་སི་སི་ཀོར་ཚོགས་འཆར་ཡང་། ཕྱི་ཟླ་ ༨ པར་བྱང་ཨ་རིའི་བོད་མི་ཡོངས་ནས་༧གོང་ས་མཆོག་ལ་ནིའུ་ཡོག་ཏུ་བརྟན་བཞུགས་འབུལ་རྒྱུའི་གོ་སྐབས་བྱུང་སྟབས། གྲ་སྒྲིག་ལས་དོན་མང་བའི་རྐྱེན་གྱི་འདི་ཕྱི་ཕྱི་ཟླ་ ༡༢ བར་ཕྱིར་འགྱངས་བྱས།
༧། ཉིན་གཉིས་ཀྱི་ཚོགས་འདུའི་ཞིབ་ཕྲའི་མཛད་རིམ་གཤམ་དུ་སྦྱར་ཡོད། ཚེས་ ༩ ཚོགས་འདུ་མཇུག་སྡོམ་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་ཀྱི་ཡོད།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ པའི་མཛད་རིམ།
ཕྱི་ཟླ་ ༡༢ ཚེས་ ༧ གཟའ་སྤེན་པ།
དགོང་མོ་ཆུ་ཚོད་ ༠༥།༣༠ ནས་ ༠༨།༣༠ བར།
- དཔལ་ལྡན་སྲིད་སྐྱོང་དབུ་བཞུགས་ཐོག་དོན་གཅོད་ལས་ཁུངས་ནས་ཚོགས་བཅར་བ་ཡོངས་ལ་དགོང་དྲོའི་གསོལ་སྟོན་ (dinner reception) དང་། ཚོགས་བཅར་བ་ངོ་སྤྲོད། འབྱོར་ཐོ་འགོད་རྒྱུ།
Address: Office of Tibet. 1228 17th St NW. Washington, DC 20036
ཕྱི་ཟླ་ ༡༢ ཚེས་ ༨ གཟའ་ཉི་མ། (ཉིན་དང་པོ།)
ཕྱག་ཚོད་ ༠༨།༠༠ ནས་ ༠༩།༠༠ བར།
- ཞོགས་ཇ། (NED)
༠༩།༠༠ ནས་ ༠༩།༣༠ བར།
ཚོགས་འདུ་དབུ་འབྱེད་མཛད་སྒོ།
- དཔལ་ལྡན་སྲིད་སྐྱོང་མཆོག་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་རྒྱུ་དང་། སྣང་གསལ་ཞལ་དབྱེ་གྲུབ་རྗེས། སྐུ་ཚབ་དོན་གཅོད། བྱང་ཨ་རིའི་སྤྱི་འཐུས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན། རྒྱལ་སའི་མངལ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཅས་ནས་རིམ་བཞིན་མཇལ་དར་འབུལ་རྒྱུ།
- བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་རྒྱུ།
- རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་གནང་རྒྱུ།
- རྟེན་འབྲེལ་གསོལ་ཇ་འབྲས་བསིལ།
- སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ནས་དགའ་བསུའི་གསུང་བཤད། (སྐར་མ་ལྔ།)
- བྱང་ཨ་རིའི་སྤྱི་འཐུས་ནས་གསུང་བཤད་གནང་རྒྱུ། (སྐར་མ་ལྔ།)
- རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་གནང་རྒྱུ།(སྐར་མ་ལྔ།)
༠༩།༣༠ ནས་ ༡༠།༣༠ བར།
- དཔལ་ལྡན་སྲིད་སྐྱོང་མཆོག་ནས་དབུ་འབྱེད་གསུང་བཤད་གནང་རྒྱུ།
༡༠།༣༠ ནས་ ༡༡།༡༥ བར།
- སྔ་ལོའི་གྲོས་ཆོད་ལ་བསྐྱར་ཞིབ་མདོར་བསྡུས།
༡༡།༡༥ ནས་ ༡༡།༣༠ བར།
- གསོལ་ཇའི་བར་གསེང་།
༡༡།༣༠ ནས་ ༠༡།༠༠ བར།
- གྲོས་གཞི་དོན་ཚན་ ༡ ནས་ ༣ བར་གྲོས་བསྡུར།
༠༡།༠༠ ནས་ ༠༢།༠༠ བར།
- ཉིན་གུང་གསོལ་ཚིགས་བར་གསེང་། (NED)
༠༢།༠༠ ནས་ ༠༣།༠༠ བར།
- གྲོས་གཞི་དོན་ཚན་ ༤ པ་དང་ ༥ པའི་ཐོག་གྲོས་བསྡུར།
༠༣།༠༠ ནས་ ༣།༡༥ བར།
- གསོལ་ཇའི་བར་གསེང་།
༠༣།༡༥ ནས་ ༣།༣༠ བར།
- རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ནས་བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་ལམ་སྟོན་གནང་རྒྱུ།
༠༣།༣༠ ནས་ ༠༦།༠༠ བར།
- གྲོས་གཞི་དོན་ཚན་ ༦ པ་དང་ ༧ པའི་ཐོག་གྲོས་བསྡུར།
༠༦། ནས་ ༠༨།༠༠ བར།
- དགོང་མོའི་གསོལ་ཚིགས། (NED)
ཕྱི་ཟླ་ ༡༢ ཚེས་ ༩ གཟའ་ཟླ་བ། ཉི་མ། (ཉིན་གཉིས་པ།)
༠༨།༠༠ ནས་ ༩།༠༠ བར། ཞོགས་ཇ། NED ཐོགས་ས་ ༡༡
༠༩།༠༠ ནས་ ༡༡།༠༠ བར།
- གྲོས་གཞི་དོན་ཚན་ ༨ པ་དང་། ༩ པའི་ཐོག་གྲོས་བསྡུར།
༡༡།༠༠ ནས་ ༡༡།༡༥ བར།
- གསོལ་ཇའི་བར་གསེང་།
༡༡།༡༥ ནས་ ༠༡།༠༠ བར།
- གྲོས་ཆོད་གཏན་འབེབས།
༠༡།༠༠ ནས་ ༠༢།༠༠ བར།
- ཉིན་གུང་གསོལ་ཚིགས་བར་གསེང་། (NED)
༠༢།༠༠ ནས་ ༠༣།༡༥
མཇུག་སྡོམ་དང་སྐུ་པར་ལྷན་སྒྲོན།
༣།༡༥ ནས་ ༣།༣༠ བར།
- གསོལ་ཇའི་བར་གསེང་།
༠༥།༠༠ ནས་ ༦།༣༠ བར།
- དཔལ་ལྡན་སྲིད་སྐྱིང་དབུ་བཞུགས་ཐོག་ལྕམ་ (Pelosi) ལ་བདེན་པའི་སྒྲོན་མེ་ << Light of Truth>> གཟེངས་རྟགས་འབུལ་བཞེས་མཛད་སྒོར་བཅར་རྒྱུ།
- གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ <<Wisdom of Happiness>> གཟིགས་རྒྱུ།
མཛད་སྒོ་ཚོགས་ས་དང་གློག་བརྙན་གཟིགས་འབུལ་ཞུ་སའི་ཁ་བྱང་། The Cannon Caucus Building. 27 Independence Ave SE. Washington, D.C.
ཆུ་ཚོད་ ༦།༣༠ ནས།
- ཚོགས་བཅར་རྣམས་དགའ་ཉེ་བློ་དཀར་ངོ་ཤེས་མཇལ་རྒྱུ་སོགས་སྐུ་སྒེར་གྱི་ཆེད་རང་མོས་བྱེད་སྒོ་ཡིན་པས་དགོང་ཚིགས་གྲ་སྒྲིག་ཞུས་མེད།
ཕྱི་ཟླ་ ༡༢ ཚེས་ ༡༠ གཟའ་མིག་དམར། (ཉིན་བཞི་པ།)
ཕྱག་ཚོད་ ༠༨།༠༠ ནས་ ༠༩།༣༠ བར།
- ཞོགས་ཇ། (Office of Tibet)
ཕྱག་ཚོད་ ༡༠།༣༠ ནས་ ༡༡།༣༠ བར།
- ཨ་རིའི་ཕྱི་འབྲེལ་སྲིད་བྱུས་དང་འཐབ་བྱུས་ཁྲོད་ཀྱི་མ་འོངས་བོད། <<A Conversation on the Future of Tibet in US Foreign Policy and Strategy>> ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་། བགྲོ་གླེང་གནང་མཁན་ལྕམ་ (Pelosi) དང་། (Richard Gere) ཡིན་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་བགྲོ་གླེང་ལ་ཕེབས་བཞུགས་གནང་གི་ཡོད།
བགྲོ་གླེང་ཚོགས་སའི་ཁ་བྱང་། The Congressional Auditorium in the Capitol Visitor Center (CVC 200)བྱང་ཨ་རི་སྐུ་ཚབ་དན་གཅོད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡༢ ཚེས་ ༧ ལ་ཕུལ།། །།