༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༧ བོད་དོན་ཞུ་སྐུལ་ཉིན་གཉིས་པའི་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་ཚོགས་ཆུང་དྲུག་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ ༡ དང་། རྒྱ་གར་མངའ་སྡེ་ཁག་མི་འདྲ་བ་ ༡༢ དང་། སྲིད་དོན་ཚོགས་པ་ཁག་མི་འདྲ་བ་ ༦ དང་། Indenpendent གྲོས་ཚོགས་འཐུས་མི་ ༡ བཅས་ཁྱོན་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༣༠ དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ་བོད་དོན་ཞུ་སྙན་དོན་ཚན་བརྒྱད་ཅན་ཕུལ་བ་དང་། དེ་བཞིན་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་དང་། བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་གནང་སྐྱོང་ཡོང་བ་ཞུས་ཡོད་པ་རེད།བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས། སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་བཅས་དང་། བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པའི་ནང་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས། བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་པའི་ནང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས། སྤྱི་འཐུས་པདྨ་མཚོ་ལགས་བཅས། བོད་དོན་ཞུ་སྐུལ་ཚོགས་ཆུང་བཞི་པའི་ནང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་དང་། སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་བཅས། བོད་དོན་ཞུ་སྐུལ་ཚོགས་ཆུང་ལྔ་པའི་ནང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་བཅས། བོད་དོན་ཞུ་སྐུལ་ཚོགས་ཆུང་དྲུག་པའི་ནང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས། སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་བཅས་ཡོད་པ་རེད།ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༧ ཞོགས་པ་ཆུ་ཚོད་ ༨།༠༠ ནས་དགོང་དྲོ་ཆུ་ཚོད་ ༩།༠༠ པའི་བར། དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ༡) ཀེ་རེ་ལ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཤཱ་ཤི་ ཋ་རོར་ (MP Shashi Tharoor (INC) Kerala Chairman of Committee on External Affairs) མཆོག་དང་། ༢) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀར་ཊིག་ ཅན་དྷ་ར་ པལ་ (MP Kartik Chandra Pal) མཆོག ༣) ཡུ་པི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་ནུཌ་ ཀུ་མར་ བྷན་ཌི་ (MP Vinod Kumar Bind) མཆོག ༤) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ནུ་ཇི་ ཊི་གྷ་ (Shri Manoj Tigga) མཆོག ༥) འཇར་ཁན་ཌ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཌུ་ལུ་ མཱ་ཧ་ཊོ་ (Shri MP Dullu Mahato) མཆོག ༦) འཇར་ཁན་ཌ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ནི་ཤི་ ཇཱ་སི་ཝལ་ (Shri MP Manish Jaiswal) མཆོག ༧) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁ་གྷན་མུར་མུ་ (Shri MP Khagen Murmu) མཆོག་བཅས་དང་མཇལ་འཕྲད་དང་།དཔལ་ལྡན་ཚོགས་གཞོན་མཆོག་གིས་སྣེ་ཁྲིད་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པས། ༡) ཡུ་པི་མངའ་སྡེ་ནས་ཡིན་པ་ (Samajwadi Party) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ བྷ་བྷུ་ སིངྒ་ ཀུ་ཤི་ཝ་ཧ་ (MP Babu Singh Kushwaha) མཆོག ༢) ཡུ་པི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པར་ཝེན་ པཱ་ཌེལ་ (MP Praveen Patel) ༣) ཡུ་པི་མངའ་སྡེ་ནས་ཡིན་པ་ Samajwadi Party སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རམ་ པར་སཏ་ ཅའོ་དྷ་རེ་ (MP Ram Prasad Chaudhary) མཆོག ༤) ཡུ་པི་མངའ་སྡེ་ནས་ཡིན་པ་ (Rashtriya Lok Dal) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རཱ་ཇ་ཀུ་མར་ སངྒ་ཝན་ (MP Rajkumar Sangwan) མཆོག ༥) ཡུ་པི་མངའ་སྡེ་ནས་ཡིན་པ་ (Rashtriya Lok Dal) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཅན་དྷན་ སིངྒ་ ཅའོ་ཧན་ (MP Chandan Singh Chauhan) མཆོག ༦) ཡུ་པི་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨིམ་རན་ མ་སོ་ཌ་ (MP Imran Masood, Saharanpur) མཆོག ༧) ཡུ་པི་མངའ་སྡེ་ནས་ཡིན་པ་ Samajwadi Party སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ལལ་ཇི་ ཝར་མ་ (MP Lalji Verma) མཆོག ༨) བྷི་ཧར་མངའ་སྡེ་ནས་ཡིན་ (RJD) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེ་ ཌི་ སིངྒ་(MP A D Singh) མཆོག ༩) ཡུ་པི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཅཱ་ཏཱ་རཱ་ གྷང་ཝར་ (MP Chatrapal Gangwar) མཆོག ༡༠) ཡུ་པི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨ་རུན་ ཀུ་མར་ ས་གྷར་ ཤཱ་ཇཱ་ཧན་པུར་ (MP Arun Kumar Sagar Shahjahanpur) མཆོག་དང་ལྷན་རིམ་པས་མཇལ་འཕྲད།བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་པས་ ༡) ཡུ་པི་མངའ་སྡེ་ནས་ཡིན་པ་ (Samajwadi Party) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཌི་ཝེ་ཤི་ ཤཱ་ཀྱ་ (MP Devesh Shakya) མཆོག་དང་། ༢) ལ་དྭགས་དབུས་འཛིན་མངའ་ཁུལ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མོ་ཧོ་མ་ཌ་ ཧཱ་ནེ་ཧྥ་ (MP Mohmad Haneefa) མཆོག ༣) ཡུ་པི་མངའ་སྡེ་ནས་ཡིན་པ་ (Rashtriya Lok Dal) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇཱ་ཀུ་མར་ སང་ཝན་ (MP Rajkumar Sangwan) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད།བོད་དོན་ཞུ་སྐུལ་ཚོགས་ཆུང་བཞི་པས། ༡) ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཏ་པིར་ གྷའོ་ (Shri. Tapir Gao) མཆོག་དང་། ༢) མ་དྷ་ཡ་པར་དེ་ཤི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤན་ཀར་ ལལ་ཝ་ནི་ (Shri. Shankar Lalwani) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད།
བོད་མི་མང་སྤྱི་འཐུས་རྣམ་པ་ཚོགས་ཆུང་དྲུག་ལ་ཆ་བགོས་ཀྱིས་རྒྱལ་ས་ལྡི་ལིར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བ།
བོད་དོན་ཞུ་སྐུལ་ཚོགས་ཆུང་ལྔ་པས། ༡) གུ་ཇ་རཏ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧེ་མང་ ཇོ་ཤི་ (Dr Hemang Joshi) མཆོག་དང་། ༢) ར་ཇ་སི་ཐན་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧ་རི་ཤི་ ཅན་དྷ་ར་ མེ་ནཱ་ (Harish Chandra Meena) མཆོག ༣) ར་ཇ་སི་ཐན་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ནཱ་ ལལ་ ར་ཝཏ་ (MP Dr. Manna Lal Rawat, (LS)) མཆོག ༤) ར་ཇ་སི་ཐན་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཌ་མོ་ཌར་ ཨ་གྷར་ཝལ་ (MP Damodar Agarwal) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད།
བོད་དོན་ཞུ་སྐུལ་ཚོགས་ཆུང་དྲུག་པས། ༡) ཀེ་ར་ལ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་ (INC) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨེམ་ ཀེ་ རཱ་གྷ་ཝན་ (MP M. K. Raghavan) མཆོག ༢) གུ་ཇ་རཏ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་གྷོ་ཝིན་ཌི་བྷཡེ་ ལལ་ཇི་བྷཡེ་ དྷོ་ལ་ཀཡ་ (MP Govindbhai Laljibhai Dholakia) མཆོག ༣) གུ་ཇ་རཏ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཌི་ནི་ཤེ་བྷཡེ་ ཀོ་དྷར་བྷཡེ་ མཀ་ཝ་ན་ (MP Dineshbhai Kodarbhai Makwana) ༤) བྷི་ཧར་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་ (INC) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེ་ཀི་ལེ་ཤི་ པར་སཏ་ སིངྒ་ (MP Akhilesh Prasad Singh) མཆོག ༥) མཧ་རཱ་ཤ་ཀྲ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་། རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་བློན་ཆེན་གཞོན་པ་སྐུ་ཞབས་རམ་རྡ་སི་ ཨ་ཐ་ཝ་ལི་ (Shri Ramdas Athawale, Minister of State in the Ministry of Social Justice and Empowerment) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་ཡོད།
མཇལ་འཕྲད་སྐབས་སོ་སོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་སོ་སོས་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་དང་། བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་འབྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྙན་ཞུ་དོན་ཚན་ ༨ འཁོད་ཅན་ཕུལ་བ་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་ཐབས་དང་རྒྱ་གར་གྲོས་ཚོགས་སུ་བོད་དོན་སྐོར་གླེང་སློང་ཡོང་ཐབས། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་ཁོངས་སུ་མཉམ་ཞུགས་ཡོང་ཐབས་སྐོར་སོགས་ཞུས་པ་ལྟར་ཁོང་རྣམས་ནས་ཀྱང་ཐུགས་སྣང་ཆེན་པོས་ཞལ་བཞེས་གནང་སོང་།
བོད་དོན་ཞུ་སྙན་དོན་ཚན་བརྒྱད་ནི། ༡) བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གི་དབང་བསྒྱུར་བཙན་བཟུང་འོག་ཡོད་པར་ངོས་འཛིན་བྱུ་རྒྱུ་དང་། ༢) བོད་རྒྱའི་དཀའ་རྙོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་སེལ་ཐབས་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་རྣམས་དང་ལྷན་གྲོས་མོལ་ཡོང་རྒྱུར་རྒྱ་ནག་གཞུང་ལ་སྐུལ་འདེད་བྱ་རྒྱུ། ༣) རྒྱ་གཞུང་གིས་བོད་ནང་གི་རང་བྱུང་ཁོར་ཡུག་གཏོར་བཤིག་དང་། དེས་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་འགྲོ་བཞིན་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚན་པའི་ངོས་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ། ༤) བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཐོག་ནས་ཞིབ་འཇུག་བྱ་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་རྒྱུ་དང་། བསམ་བློ་དང་། སྨྲ་བརྗོད། ཞི་བདེའི་འདུ་འཛོམས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞིབ་འཇུག་གནང་མཁན་རྣམས་བོད་ནང་གཟིགས་སྐོར་ཕེབས་རྒྱུར་གདན་ཞུས་གནང་རྒྱུ། ༥) ཕྱི་ལོ་ ༡༩༩༥ ཟླ་ ༥ པའི་ཚེས་ ༡༧ ནས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ། ༦) བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་དང་བཅས་པ་རྩ་མེད་བཟོ་རྒྱུའི་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྣམས་འཕྲལ་ཏུ་མཚམས་འཇོག་ཡོང་རྒྱུར་རྒྱ་གཞུང་ལ་སྐུལ་མ་བྱ་རྒྱུ། ༧) རྒྱ་ནག་དམར་གཞུང་གཅིག་སྡུད་དབང་བསྒྱུར་དང་། དངོས་ཡོད་གནས་ཚུལ་རྫུན་སྒྲིག་ལོག་འགྲེལ་བྱེད་བཞིན་པར་ཁྲིམས་སྒྲིག་དང་སྲིད་བྱུས་གཏན་འབེབས་ཀྱི་ཐོག་ནས་གདོང་ལེན་བྱ་རྒྱུ། ༨) གྲོས་ཚོགས་འཐུས་མི་རྣམ་པས་སྡིངས་ཆ་ཇི་ཡོད་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་ཡོང་བ་བཅས་ཡིན་པ་རེད། །
གསར་གནས།
འབྲེལ་གནས།