༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༢༨ དང་ ༢༩ ཉིན་ཧར་པ་འདོད་རྒུ་གཡུལ་རྒྱལ་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་སྒྲོལ་མ་ཚེ་རིང་ལགས་ནས་རྒྱ་གར་མཆོད་མེའི་དུས་སྟོན་དང་བསྟུན། ཨུ་ཏར་ཁནྚ་མངའ་སྡེའི་གྲོས་ཚོགས་འཐུས་མི་མུ་ན་སིངྷ་ལགས་དང་། ཨུ་ཏར་ཁནྚ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ར་ད་ར་ཐུ་རི་ལགས། མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སུ་བཤ་ཀུ་མཱར་ལགས། གྲོང་སྡེའི་ཁྲིམས་བདག་པྲཱྀ་ཏུ་ཤ་སིངྷ་ལགས། མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ཨ་ཀེ་ལེཤ་མིཤ་ར་ལགས། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་པྲེམ་ཅནྚ་ཇེན་ལགས་དང་ཨ་མི་ཏབ་ཨ་ནི་རུཐ་ལགས། སྤྱི་ལས་བདེ་ཁག་གི་བྱུས་འགོད་པ་མི་ནག་ཤི་ནེ་གི་ལགས་སོགས་རྒྱ་གར་གྱི་དཔོན་རིགས་ཁག་ལ་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་པ་དང་སྦྲགས། རྒྱ་གར་གཞུང་དམངས་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་ཕན་གྲོགས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།