༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༠༦ ཉིན་སིམ་སྤྱི་ཚེ་དབང་ཕུན་ཚོགས་ལགས་དང་། ལས་དྲུང་བསྟན་འཛིན་དཔལ་ལྡན་ལགས། སངས་རྒྱས་ཆོས་གླིང་དགོན་པའི་དགེ་འདུན་པ་ཤཀྱཱ་ལགས། ཀརྨ་ཕུན་ཚོགས་ལགས། དཔལ་ལྡན་དོན་གྲུབ་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཁ་བིནྡར་སིངྷ་སུ་ཁུ་ (Sukhvinder Singh Sukhu) མཆོག་དང་མཇལ་འཕྲད་ཀྱིས་དགོན་པའི་ས་ཆ་བོགས་གཏོང་དུས་འགྱངས་ཞུ་རྒྱུ་དང་། ལྷག་པར་སིམ་སྤྱི་ནས་ཊལ་ཧོར་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་ཆ་བོགས་གཏོང་དུས་འགྱངས་ཞུ་རྒྱུའི་གནད་དོན་སྐོར་ཞུ་སྐུལ་གནང་བར། སྤྱི་ཁྱབ་བློན་ཆེན་མཆོག་ནས་དེ་དོན་གཟིགས་ཞིབ་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།