༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༠༢ ནས་ ༡༡ བར་རྒྱ་གར་བྱང་ཤར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་དང་། འབུམ་སྡེ་ལ། རྟ་དབང་། དིམཱ་པུར། ཤིས་ལོང་། སྒང་ཏོག་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་དང་། དེ་བཞིན་ཕྱི་ཚེས་ ༡༢ ནས་ ༡༩ བར་ལྡི་ལི་བརྒྱུད་ཡུ་རོབ་རྒྱལ་ཁབ་པོར་ཅུ་གྷལ་དང་། སི་པན། ཕ་རཱན་སི། རོ་མཱ་ནི་ཡཱ། ཧངྒ་རཱི། སི་ལོ་ཝེ་ནི་ཡ་བཅས་སུ་དབུས་དང་ས་གནས་གཞུང་གི་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག རང་རིགས་མང་ཚོགས་དང་མཇལ་འཕྲད་གནང་རྒྱུ་བཅས་ཀྱི་ཆེད་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།