


གཞི་རྩའི་དཔལ་ལྡན་ཚོགས་གཙོ་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་རྣམ་གཉིས་ཕྱི་ཚེས་ ༤ ཉིན་ཚོགས་གཏན་ཁེལ་བའི་མོན་ཡུལ་འབུམ་སྡེ་ལ་དགོན་ཐུབ་མཆོག་དགའ་ཚལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་གསར་བཞེངས་ཀྱི་དབུ་འབྱེད་མཛད་སྒོར་ཆེད་བཅར་གནང་རྒྱུ་ཡིན་པ་བཅས།།