༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་པའི་ཚོགས་འདུ་ཞིག་བསྐོངས་གནང་ཡོད།
ཚོགས་འདུའི་ཐོག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་དང་། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས། བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་འཇམ་དབྱངས་ཚེ་རིང་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ཨ་རི་དང་ཡུ་རོབ། ཨོསྟྲེ་ལི་ཡའི་རྒྱ་རིགས་འབྲེལ་མཐུད་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ལས་བྱེད་རྣམ་པ། རྒྱལ་སྤྱིའི་དབུ་མའི་ལས་འགུལ་ཁང་གི་དྲུང་ཆེ་བསྟན་འཛིན་བཤེས་གཉེན་ལགས་བཅས་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་བརྗོད་གཞི་གཙོ་བོ་ཁག་བཞི་ཙམ་ཐོག་ལ་གོ་བསྡུར་སྦྱངས་བཤད་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་པས་ད་ལྟའི་ལས་དོན་བྱ་ཕྱོགས་དང་། མ་འོངས་ཡར་རྒྱས་གོང་འཕེལ་དང་ཚགས་ཚུད་ཇི་ལྟར་གཏང་ཕྱོགས་ཐད་ལ་གོ་བསྡུར་ཞིབ་ཕྲ་གནང་ཡོད་པ་བཅས། །