༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༣༠ ཉིན་ཧུན་སུར་རབ་རྒྱས་གླིང་གི་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་དང་། ས་གནས་འགོ་འཛིན་གསར་པ་ནོར་བུ་ཚེ་རིང་ལགས་རྣམ་གཉིས་བར་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་ཡོད།
རྩིས་སྤྲོད་རྩིས་ལེན་གྱི་སྤྲོད་དཔང་དུ་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཕེབས་ཡོད་པ་བཅས། །