༄༅། །བཀའ་དྲུང་ཡིག་ཚང་ཆེད་ཉེ་བའི་ཁྲིམས་ལུགས་རབ་འབྱམས་པ་ (LLB) ལག་འཁྱེར་ཡོད་པའི་ལས་བྱེད་གཅིག་ལས་དོའི་ས་མིག་ཐོག་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། ལས་བྱེད་དགོས་མཁོ་བཞིན་གསར་འདེམས་ཞུ་གཏན་འཁེལ་བས། ཆ་རྐྱེན་ཚང་ཞིང་རང་རེའི་རྩ་དོན་ཐོག་སྲི་ཞུའི་ཞབས་འདེགས་ཞུ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༠ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་དྲྭ་ཐོག་ (online) འཚང་སྙན་འགེངས་ཤོག་ཕུལ་ཟིན་པ་དགོས།
ཀ༽ ལས་ཁུངས་དོ་དམ་པའི་ས་མིག་ ༡ ཐོག་ལས་བྱེད་འདེམས་སྒྲུག་གི་རྒྱུགས་ལེན་ཆ་རྐྱེན་ཇི་དགོས་གཤམ་གསལ།
༡༽ ཤེས་ཚད། ཤེས་ཚད་ཉུང་མཐར་ཉེ་བའི་ཁྲིམས་ལུགས་རབ་འབྱམས་ (LLB) ཐོན་པའི་ལག་འཁྱེར་ཡོད་པ་ངེས་པར་དགོས།
༢༽ ལོ་ཚད། ཕྱི་ལོ་ ༢༠༢༤།༡༡།༢༠ ཉིན་རང་ལོ་ ༢༥ ལས་མི་ཉུང་ཞིང་། རང་ལོ་ ༤༠ ལས་མ་བརྒལ་བ་དགོས།
༣༽ རྒྱུགས་གཞི། ཀ། བོད་ཡིག་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྤྱི་མང་གཏུག་གཤེར་ཁྲིམས་ཡིག ས་ཁང་སྒྲིག་གཞི་གསུམ་གྱི་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ། དེ་བཞིན་ཨིན་ཡིག་ཐོག་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ལུགས་སྐོར་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
ཁ། བོད་ཨིན་གཉིས་ཀྱི་སྐད་ཡིག་འབྲི་རྒྱུགས་ལེན་རྒྱུ། འདེམས་རྒྱུགས་འཕྲོད་པར་བྱེད་པ་ལ་བོད་ཡིག་དང་དབྱིན་ཡིག་ལ་བརྒྱ་ཆ་ ༣༣ རེ་དང་། ཁྲིམས་ལུགས་ཡིག་རྒྱུགས་ལ་བརྒྱ་ཆ་ ༧༠ ལོན་དགོས།
༤༽ གོང་གསལ་ས་མིག་ཆེད་ཆ་རྐྱེན་ལྡན་རིགས་ནས་གཤམ་གསལ་ཡིག་ཆ་ཁག་ངེས་པར་འབུལ་དགོས།
ཀ ། དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
ཁ ། ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
ག བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
ང་། རང་ཉིད་སྡེ་ཚན་གང་རུང་དུ་ལས་ཀ་བྱ་མུས་ཡིན་ཚེ་འབྲེལ་ཡོད་འགོ་འཛིན་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ་དགོས།
ཅ ། འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
ཆ ། སྐྱབས་བཅོལ་ལག་འཁྱེར་ (RC) འམ་རྒྱ་གར་གནས་སྡོད་ཆོག་པའི་ཡིག་ཆའི་ངོ་བཤུས།
འཚང་སྙན་འབུལ་མཁན་རྣམས་ནས་ (tibet.net) འམ་ (dhemkolhenkhang.net) དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༠ ཕྱི་དྲོ་ཕྱག་ཚོད་ ༥ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་གཏོང་རྒྱུ་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༤ ཟླ་ ༡༠ ཚེས་ ༢༡ ལ།།
འགེངས་ཤོག་དྲྭ་མཐུད། ༼Online application form༽
https://forms.gle/NyM3en4hKfqSHaQK8
Contact address & email :
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra (H.P)
E-mail:[email protected]