
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་དྷ་ས་ནས་ཅན་དྷི་གྷར་བརྒྱུད་ཤྲི་ན་གྷར་ལ་ཕེབས་ཐོན་གནང་རྒྱུ་དང། ཕྱི་ཚེས་ ༨ ཉིན་ས་གནས་སུ་ལས་རིམ་བསྐྱང་རྒྱུ་དང་། ཕྱི་ཚེས་ ༩ ཉིན་ཤྲི་ན་གྷར་ནས་དཀར་འཁྱིལ་ལ་ཕེབས་ཐོན་གྱིས་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༠ ཉིན་དཀར་འཁྱིལ་ནས་ལ་དྭགས་རྒྱལ་ས་སླེ་རུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༡ ནས་ ༡༣ བར་ལ་དྭགས་སླེ་དང་། ཟངས་དཀར། ནུབ་ར། དུར་དུག་བཅས་ལ་ལས་རིམ། ཕྱི་ཚེས་ ༡༤ ནས་ ༡༨ བར་ལ་དྭགས་བྱང་ཐང་ཁུལ་ལ་ལས་རིམ། ཕྱི་ཚེས་ ༡༩ ཉིན་ལ་དྭགས་རྒྱལ་ས་སླེ་ཁུལ་ལ་མུ་མཐུད་ལས་རིམ། ཕྱི་ཚེས་ ༢༠ ཉིན་ལ་དྭགས་རྒྱལ་ས་སླེ་ནས་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༡ ཉིན་ལྡི་ལི་ནས་བཞུགས་སྒར་དྷ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །