༄༅། །འདི་གར་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་དང་། ཧི་མཱ་ལ་ཡའི་ནང་པའི་དཔེ་མཛོད་དང་ལེགས་བྱང་བསྟི་གནས་ཁང་ཟུང་འབྲེལ་ཐོག་བོད་ཀྱི་རིག་གཞུང་སྐད་ཡིག་མི་ཉམས་གཅེས་འཛིན་དང་། ཉམས་པ་སླར་གསོའི་ཆེད་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་འཇམ་དབྱངས་རྡོ་རྗེ་ལགས་དམིགས་བསལ་གདན་ཞུས་ཐོག་ཁོང་ཉིད་ཀྱིས་ཕུལ་བྱུང་སྒྱུ་རྩལ་ལས་བྱུང་བའི་བོད་ཡིག་སྤྱི་དང་། བྱེ་བྲག་དབུ་མེད་ཀྱི་ལམ་ནས་ལྷ་སྐུའི་རི་མོ་ཁྱད་ཆོས་ཅན་ཁག་མང་པོ་དང་། སྔར་མེད་ཤོག་རིང་ཡུག་གཅིག་གི་ནང་དུ་པདྨ་བཀའ་ཐང་ཤེལ་བྲག་མ་ཆ་ཚང་བྲིས་པ་ཞིག་དང་། གཞན་ཡང་ཡིག་གཟུགས་འདྲ་མིན་མང་པོ་ཡོད་པའི་ཤོག་རིང་ཁག་མཆོད་འཇོར་མི་མང་ཚོགས་ཁང་དུ་ཉིན་དང་པོ་འགྲེམས་སྟོན་དབུ་འབྱེད་མཛད་སྒོ་དང་།དེ་ནས་རིམ་བཞིན་ཉིན་གསུམ་རིང་དོན་གཉེར་ཅན་གྱི་གང་ཟག་སེར་སྐྱ་རྒན་གཞོན་བར་གསུམ་དང་། ལྷག་པར་དགོན་སྡེ་གྲྭ་ཚང་ཁག་གི་སློབ་གཉེར་བ་དང་། རང་རེའི་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་མཐོ་སློབ་ཁག་དང་། སློབ་འབྲིང་། དམའ་རིམས་སློབ་གྲྭ་ཁག་བཅས་ལ་སྡེ་ཚན་སོ་སོར་བྱས་ནས་སྐུ་ཞབས་འཇམ་དབྱངས་རྡོ་རྗེ་ལགས་ནས་བོད་ཡིག་གི་འབྱུང་ཁུངས་ལོ་རྒྱུས་དང་། དེ་བཞིན་གནའ་དེང་སྒྱུ་རྩལ་གལ་ཆེའི་སྐོར་སློབ་སྟོན་གནང་། སྐབས་དེར་སྔ་འགྱུར་རྙིང་མའི་མ་དགོན་བལ་ཡུལ་རྒྱལ་བ་ཞེ་ཆེན་པའི་དགེ་འདུན་པའི་སློབ་ཕྲུག་ཁག་གཙོ་བོར་གྱུར་བའི་དགོན་ཁག་རྣམས་ནས་གྲྭ་བཙུན་སློབ་ཕྲུག་ཁག་མང་པོ་དང་། རྣམ་རྒྱལ་མཐོ་སློབ་དང་སྲོང་བཙན་བལ་བཟའ་གཏན་ཉིན་མཐོ་སློབ། དེ་བཞིན་རྣམ་རྒྱལ་འབྲིང་སློབ། བསམ་གཏན་དྲན་རྟེན་ཤེས་ཡོན་སློབ་གྲྭ་ཁག་བཅས་ནས་ཁྱོན་སྡོམ་སློབ་ཕྲུག་ཕོ་མོ་གྲངས་ ༢༠༠ ཙམ་དང་མི་མང་དོན་གཉེར་ཅན་མང་པོ་མཉམ་བཞུགས་གནང་བ་བཅས། །
གསར་གནས།
འབྲེལ་གནས།