༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ པའི་ཚེས་ ༢ ཉིན་རྒྱབ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་བཞུགས་སྒར་དྷ་ས་ནས་སྡེ་ར་སྡུན་རཇ་སྤུར་དུ་གཞུང་འབྲེལ་མཛད་འཆར་སླད་ཕེབས་ཐོན་སྐབས། སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱོགས་ཕེབས་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྣམ་པ་འདི་གའི་གཞིས་ཆགས་སུ་གདན་ཞུས་ཀྱིས་གསོལ་ཇ་ཞལ་ཏོག་འདེགས་འབུལ་ཞུས་གནང་སོང་།
སྐབས་དེར་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཤེས་རབ་རྒྱ་མཚོ་ལགས་སོགས་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ་དང་། ས་གནས་མི་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་དང་། དེ་རྗེས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྣམ་པ་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་བཅས་ལ་གཟིགས་སྐོར་སྣེ་ཁྲིད་གནང་སོང་།
གཞི་རྩའི་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ཕྱི་ཚེས་ ༣ ཉིན་བྱེས་ཀྱི་དཔལ་ལྡན་ས་སྐྱའི་གདན་ས་རཇ་སྤུར་དཔལ་ས་སྐྱའི་ཆོས་སྒར་དུ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་དཔལ་ལྡན་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ནས་༸སྐུའི་གྱ་སྟོན་བརྟན་བཞུགས་ཆེན་མོ་བསྟར་འབུལ་ཞུ་རྒྱུའི་ཐོག་གདན་ཞུས་ལྟར་གཞུང་འབྲེལ་མཉམ་ཞུགས་གནང་རྒྱུ་ཡིན་པ་བཅས། །